ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིས་ཐུན་མོང་གིས་འགན་འཁྲི་ལག་བསྟར་སློབ་སྦྱོང་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 115

ཟླ་བཅུ་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིས་ཐུན་མོང་གིས་འགན་འཁྲི་ལག་བསྟར་སློབ་སྦྱོང་བྱས། འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་རོས་ཧྥིན་གྱིས་འགོ་འཛིན་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡེའོ་ཞ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་བཅས་ཀྱིས་སོ་སོར་ཚོགས་ཆེན་གྱི་སྒྲིག་ལམ་དང་སྒྲིག་སྲོལ་བརྩི་སྲུང་བྱེད་པ་དང་འཐུས་མིའི་འགན་འཁྲིའི་ནུས་པ་ཇེ་ཆེར་གཏོང་བ། འཐུས་མིའི་ཁེ་དབང་ལག་བསྟར་ནན་མོ་བྱེད་པར་དམིགས་ནས་ཟུར་ཁྲིད་གཏམ་བཤད་སྤེལ།

འགན་འཁྲི་ལག་བསྟར་སློབ་སྦྱོང་བྱེད་སྐབས། ཞིང་ཆེན་རིམ་པའི་འགོ་ཁྲིད་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་ཆེད་མཁས་པས་ཐུན་མོང་གིས་ཟུར་ཁྲིད་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིས་འགན་འཁྲི་ལག་བསྟར་ཉམས་མྱོང་བརྗོད་པ། ཆེད་དོན་སློབ་གསོ་བརྙན་རིས་ལ་ལྟ་བ། རང་སྦྱོང་ཞིབ་ཀློག་སོགས་ཀྱི་རྣམ་པར་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འགོ་བརྩམས་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད། དེ་མིན་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་། ཏང་གི་སྒྲིག་ཡིག་དང་འབྲེལ་ཡོད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ། ཚོགས་ཆེན་གྱི་གུས་སྲོལ་ཚད་ལྡན་སོགས་ལ་སློབ་སྦྱོང་བྱས། འཐུས་མི་ཡོངས་ཀྱིས་རང་རང་གི་ཕྲག་ཏུ་བབས་པའི་གཟི་བརྗིད་འགན་འཁྲི་དང་ལས་འགན་ལྗིད་མོར་ངོས་འཛིན་གསལ་བོ་བྱས་ཏེ། བསམ་བློའི་ཐུན་མོང་གི་ལྟ་བ་གཅིག་སྡུད་བྱས་པ་དང་འགན་འཁྲི་ལག་བསྟར་ནུས་པ་ཇེ་ཆེར་བཏང་།

སློབ་སྦྱོང་བྱས་པ་བརྒྱུད་དེ། འཐུས་མི་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་རྒྱུས་ལོན་ཟབ་མོ་བྱས་པ་དང་གསལ་བོར་རྟོགས་པར་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཡིན་པའི་གཟི་བརྗིད་ལྡན་པའི་བསམ་པ་དང་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གྱུར་བ་དང་། འཐུས་མིའི་འདུ་ཤེས་ཇེ་བརྟན་དུ་གྱུར་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནི་ཆབ་སྲིད་ཀྱི་གཟི་བརྗིད་ལྡན་པ་ཞིག་ཡིན་པར་མ་ཟད་ཧ་ཅང་ལྗིད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡོད། འཐུས་མི་རྣམས་ཀྱིས་བཤད་དོན། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་སྣེ་ཁྲིད་དེ་གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་ཟབ་མོ་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོབ་གཉིས་ལེགས་པོར་སྒྲུབ་པ་དང་། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་གང་ལེགས་བྱེད་པ་འགན་སྲུང་བྱེད་དགོས། དགོངས་དོན་སློབ་སྦྱོང་དང་ལག་ལེན་བཟང་བོ་བྱས་ཏེ། འགན་འཁྲི་ལག་བསྟར་བཟང་བོ་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་། སློབ་སྦྱོང་དང་བཀོལ་སྤྱོད་མཉམ་བསྲེས་བྱེད་པ་དང་ཤེས་རྟོགས་དང་ལག་ལེན་གཅིག་གྱུར་བྱེད་དགོས། སྒྲིག་ལམ་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་སྒྲིག་ལམ་སྒྲིག་སྲོལ་དང་དམ་པོར་སྦྲེལ་ཞིང་ཚོགས་ཆེན་གྱི་སྒྲིག་ལམ་དང་རེ་བ་བརྩི་སྲུང་ནན་མོ་བྱེད་པ་དང་།  ཆབ་སྲིད་ཀྱི་ཀྱི་སྤྲོ་སེམས་ལྡན་ཞིང་སྤོབས་པ་ཆེར་བསྐྱེད་ཀྱི་རྣམ་འགྱུར་བཟུང་ནས་གཟི་བརྗིད་ལྡན་པའི་ལས་འགན་དང་བླ་མེད་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས།

                                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།