ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚེས་བཅུ་དྲུག་ཉིན་པེ་ཅིང་དུ་འཚོགས་རྒྱུ་རེད།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 46

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་རྩོམ་རྒྱུ་རེད།

སྐབས་དེར། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཞིན་ཧྭ་དྲ་ལམ་ནས་ཡུལ་དངོས་ཐད་གཏོང་བྱ་རྒྱུ་ཡིན་ལ། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་གྱི་འཕྲིན་ལམ་གཙོ་བོ་དང་།  གསར་འགྱུར་དྲ་ཚིགས་སོ་སོ་དང་། སྨྱད་བྱད་གསར་པའི་སྟེགས་བུ། རྒྱལ་ཡོངས་ས་ཁུལ་ཁ་ཤས་ཀྱི་ཕྱིའི་བརྙན་ཡོལ་ཆེན་པོ་དང་སྤོ་འགུལ་བརྙན་འཕྲིན་སོགས་ནས་དུས་མཉམ་དུ་བརྒྱུད་གཏོང་བྱ་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།