
ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང47པ།)
རིམས་ནད་འགོག་སྡོམ་བྱ་བ་སྔར་ལས་ལེགས་པར་སྒྲུབ་པ་དང་། འགོས་ཁྱབ་ཉེན་ཁ་དུས་ཐོག་ཏུ་འགོག་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་འདེ་འཇགས་ལ་ཁག་ཐེག་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》དང《ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གྱི་ཐག་གཅོད་སྒྲིག་སྲོལ》སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལྟར། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་དབྱེ་ཞིབ་བརྡར་གཅོད་བརྒྱུད། སྤྱི་ལོ2022ལོའི་ཟླ4པའི་ཚེས14ཉིན་གྱི་ཆུ་ཚོད9དང་ཕྱེད་ཀ་ནས་ཟླ4པའི་ཚེས17ཉིན་གྱི་ཆུ་ཚོད24བར། ཟི་་ལིང་གྲོང་ཁྱེར་གྱི་མཁར་དཀྱིལ་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་སུ་འཇགས་རྣམ་དོ་དམ་ལག་བསྟར་བྱ་རྒྱུའི་ཐག་བཅད་པ་དང་། འབྲེལ་ཡོད་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
གཅིག སྡོད་དམངས་ཡོངས་ཀྱིས་འཇགས་རྣམ་དོ་དམ་གྱི་གཏན་འབེབས་བརྩི་སྲུང་ནན་མོ་བྱ་དགོས་ཤིང་། བཀག་སྡོམ་ཁུལ་ནས་ཕྱིར་མི་འགྲོ་བའི་གཏན་འབེབས་ལག་བསྟར་ནན་མོ་བྱ་དགོས་པ་ལས་གཞན། ས་ཁོངས་གཞན་དག་གིས་ཚོད་འཛིན་ཁུལ་གྱི་ཚད་གཞི་ལྟར་ལག་བསྟར་བྱ་དགོས། ཉིང་སྐྱུར་བརྟག་དཔྱད་དང་སྨན་པ་བསྟེན་པ་སོགས་དམིགས་བསལ་དོན་དག་ལས་གཞན། དགོས་ངེས་མེད་ན་གཏན་ནས་ཕྱིར་མི་འགྲོ་བ་དང་། འདུ་འཛོམས་མི་བྱེད་པ། སྤྱི་པའི་འདུ་གནས་དང་ས་ཁོངས་སུ་མི་འགྲོ་བ་བཅས་བྱེད་དགོས། སྡེ་ཁུལ་སོ་སོའི་སྡོད་དམངས་ཕྱི་ལ་དངོས་པོ་ཉོ་རུ་འགྲོ་བའི་དུས་ཚོད་ལུགས་མཐུན་སྒོས་བཀོད་སྒྲིག་བྱ་དགོས་ཤིང་། དུས་བསྣོལ་ནས་འཚོ་བའི་དངོས་ཟོག་ཉོ་བར་ཁྲིད་སྟོན་བྱས་ཏེ། རྩ་དོན་ཐོག་ཁྱིམ་ཚང་གཅིག་ནས་མི་གཅིག་ཕྱི་རུ་དངོས་ཟོག་ཉོ་རུ་འགྲོ་དགོས། གཉིས། སྡོད་དམངས་ཡོངས་ཀྱིས་མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་ནས་གཏན་འཁེལ་གྱི་དུས་ཚོད་ནང་ཉིང་སྐྱུར་བརྟག་དཔྱད་ཁྲོད་ཞུགས་དགོས་པ་དང་། ཁྱིམ་ནས་ཕྱིར་བུད་དེ་ཉིང་སྐྱུར་བརྟག་དཔྱད་མ་བྱས་སྔོན་ལ་ཁ་ཐུམ་ལེགས་པོར་རྒྱག་དགོས་ཤིང་། གྲལ་སྒྲིག་སྐབས་སྨི2ཡན་གྱི་བར་ཐག་འཛིན་དགོས་ལ། བརྟག་དཔྱད་བྱས་རྗེས་དུས་ཐོག་ཏུ་ཁྱིམ་ལ་ལོག་དགོས་པ་ལས་འདུ་ཚོགས་དང་འགྲོ་སྐྱོད་བྱ་མི་རུང་། གསུམ། གྲོང་ཁྱེར་དང་ས་ཁུལ་རིམ་པ་གཉིས་ཀྱི་ཚོང་དོན་དང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། འཕྲོད་བསྟེན་སྡེ་ཁག་བཅས་ཀྱིས་ཁག་ཐེག་འགན་སྲུང་བྱས་པའི་དམངས་མཁོའི་སྒོ་རྩིས་ཚོང་ཁང་དང་སྨན་ཁང་། སྨན་བཅོས་སྡེ་ཁག་བཅས་ལས་གཞན། ཚོང་གཉེར་གྱི་གནས་གཞན་དག་གིས་ཚོང་གཉེར་མཚམས་འཇོག་དགོས་པ་མ་ཟད། ཚོང་གཉེར་མཚམས་བཞག་པའི་སྒོ་ཐེལ་རྒྱག་དགོས། སྒོ་རྩིས་ཚོང་ཁང་དང་སྨན་ཁང་། སྨན་བཅོས་སྡེ་ཁག་བཅས་སུ་འགྲོ་འོང་བྱེད་པའི་མི་སྣས་གཟབ་ནན་སྒོས“བཤེར་རིས་གཉིས”བཤེར་དགོས་པའི་བྱེད་ཐབས་སྤྱོད་དགོས་པ་ལས་གཞན། ངེས་པར་དུ་དུས་ཚོད48རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་ངམ་ཡང་ན་ཉིང་སྐྱུར་བརྟག་དཔྱད་ཐོ་འགོད་ཀྱི་བདེན་དཔང་འཛིན་དགོས། ལས་ཁུངས་དང་མི་སྒེར་གང་རུང་གི་ངོས་ཐད་ནས་ཚོང་གཉེར་བྱས་མི་ཆོག བཞི། ལས་བྱེད་མི་སྣ་དང་རླངས་འཁོར་ཇི་ལྟར་བགྲོད་པར་དོ་དམ་བྱེད་པའི་སྐོར།མི་སྣ་དང་རླངས་འཁོར་ཚང་མ་གནས་གང་རུང་དུ་བགྲོད་པར་ངེས་པར་དུ་ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གཅིག་གྱུར་གྱིས་བཀྲམས་པའི་ཆོག་མཆན་དཔང་རྟགས་ཡོད་དགོས། རིམས་ནད་འགོག་སྡོམ་གྱི་བྱ་བར་ཞུགས་པའི་ལས་བྱེད་མི་སྣས་སྡོད་གནས་དང་ལས་གནས་གཉིས“ཕན་ཚུན་འབྲེལ་མཐུད་བྱེད་པའི”བླང་བྱ་ལག་བསྟར་བྱ་དགོས་ལ། སྒོ་ཕྱིར་འགྲོ་ཐེངས་རེར་ལས་ཁུངས་དང་སྡོད་ཁུལ་གྱི་སྡེ་ཁུལ་ཏེ“ཕྱོགས་གཉིས་ལ་གནས་ཚུལ་ཞུ་བའི”བྱེད་ཐབས་ལག་བསྟར་བྱ་དགོས། ལས་བྱེད་མི་སྣའི་ལས་ཁུངས་ཀྱིས་དོ་དམ་ལ་ཤུགས་བསྣན་ནས། ལས་བྱེད་མི་སྣ་གང་འདོད་དུ་འགྲོ་འོང་བྱེད་པ་དང་གཞུང་དོན་མ་ཡིན་པའི་ལས་ཀ་གཞན་བསྒྲུབ་ཏུ་འགྲོ་བར་བཀག་འགོག་ནན་མོ་བྱ་དགོས། གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་འགག་སྒོས་དཔང་རྟགས་ཐོགས་པའི་རླངས་འཁོར་དག་གནས་གང་ནས་ཡོང་སྟེ་གནས་གང་དུ་འགྲོ་བའི་གནས་ཚུལ་ལ་ཞིབ་བཤེར་བྱ་དགོས་ལ། གྲོང་ཁྱེར་དང་ས་ཁུལ་གཞན་གྱི་མི་སྣ་དང་རླངས་འཁོར་ཡོད་ཚད་ཕྱིར་ལོག་པར་སྐུལ་མ་བྱས་ཏེ། འཇགས་རྣམ་དོ་དམ་གྱི་བར་སྐབས་འདིར་གྲོང་ཁྱེར་དུ་མི་ཡོང་བར་བྱ་དགོས། ལྔ། འཇགས་རྣམ་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཏེ་ཆུ་ཚོད24ཡི་རིང་སྲང་ལམ་དང་། གཞིས་ཁུལ། ཐོག་ཁང་། སྡེ་ཚན། ཚོང་ཁང་སྣ་ཚོགས་བཅས་ལ་སྐོར་ཞིབ་ཞིབ་བཤེར་བྱེད་དགོས་ལ། འཇགས་རྣམ་དོ་དམ་བྱེད་པའི་དུས་ཡུན་ནང་རང་དགར་འགྲོ་འོང་བྱེད་པ་དང་། རང་དགར་ཚོང་གཉེར་བྱེད་པ། རང་དགར་རླངས་འཁོར་བསྐོར་བ། རང་དགར་ཕྱིར་སྐྱོད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་ཡིན་པ་དང་། འཇགས་རྣམ་དོ་དམ་གྱི་བླང་བྱ་དང་འགལ་བའི་འབྲེལ་ཡོད་མི་སྣར་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ནས། ཁྲིམས་འགལ་ཅན་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན། དྲུག དམངས་ཚིས་འགན་ལེན་གྱི་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་བཟོ་བ་དང་། ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ནང་ཞུགས་པའི་མི་སྣ་དང་དེ་བཞིན་དང་བླངས་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་བཅས་ཀྱིས་ངེས་པར་དུ་རང་གི་ལག་ཁྱེར་དང་ཉིང་སྐྱུར་སྲིབ་ཡིག ཨང་བཤེར་བཅས་འཁྱེར་དགོས་པ་དང་། དྲོད་ཚད་འཇལ་རྗེས་འགྲོ་སྐྱོད་བྱེད་ཆོག་ལ། མི་སྣ་གཞན་དག་ཚང་མ་འགྲོ་སྐྱོད་བྱེད་མི་ཆོག་པར་བྱེད་དགོས།
བདུན། འཇགས་རྣམ་དོ་དམ་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་དང་། གླ་གཏོང་རླངས་འཁོར། དྲ་འབོད་རླངས་འཁོར་བཅས་འཁོར་རྒྱུག་བྱེད་མི་ཆོག རིམས་ནད་འགོག་སྲུང་དང་། བྲེལ་མྱུར་སྨན་བཅོས། འཚོ་བའི་ཁག་ཐེག གྲོང་ཁྱེར་འཁོར་སྐྱོད། འཕྲལ་བསྟུན་ཐག་གཅོད། གསར་འགྱུར་སྨྱན་བྱད་སོགས་ཀྱི་འབྲེལ་ཡོད་རླངས་འཁོར་དག་ས་ཁུལ་སྲིད་གཞུང་ངམ་ལས་རིགས་སོ་སོའི་སྡེ་ཁག་གིས་ངོས་འཛིན་ཞིབ་དཔྱད་བྱས་རྗེས་འཁོར་རྒྱུག་བྱས་ཆོག་པ་ལས་གཞན་འབྲེལ་མེད་ཀྱི་རླངས་འཁོར་གང་འདོད་དུ་འཁོར་རྒྱུག་བྱས་མི་ཆོག བརྒྱད། རྒྱ་ཆེ་བའི་མང་ཚོགས་ལ་དམིགས་བསལ་གྱི་སྨན་བཅོས་བྱ་དགོས་ཚེ། རང་སྡོད་གནས་ཀྱི་འབྲེལ་ཡོད་སྡེ་ཁུལ་བརྒྱུད་ནས་གོང་རིམ་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་རྗེས་སྒོ་ཕྱིར་སོང་ཆོག རྒྱ་ཆེའི་མང་ཚོགས་ཡོངས་ཀྱིས་གཞོགས་འདེགས་གང་ལེགས་དང་། རིམས་འགོག་དང་འབྲེལ་བའི་སྒྲིག་སྲོལ་དང་བླང་བྱར་བརྩི་སྲུང་ནན་མོ་བྱས་ཏེ། རིམས་འགོག་བྱ་བར་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་རང་ནུས་ཡོད་རྒུས་ཧུར་ཐག་བྱེད་དགོས།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ནས།
2022ལོའི་ཟླ4པའི་ཚེས14ཉིན།