ཝང་ཧུའུ་ཉིང་ཐེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 3

ཚེས་དགུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས།

ཚེས་དགུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐེ་ཝན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེ་ཝན་གྱི་བྱ་བར་བསམ་ཕྱོགས་གལ་ཆེན་དང་སྲིད་ཇུས་འདོད་ཚུལ་གལ་ཆེན་བཏོན་པ་དང་། དུས་རབས་གསར་བའི་ཏང་གིས་ཐེ་ཝན་གནད་དོན་ཐག་གཅོད་པའི་སྤྱིའི་ཐབས་ཇུས་གྲུབ་པར་བྱས་ཡོད། ཀྲུང་གོ་གཅིག་གི་རྩ་དོན་དང་གོ་གཉིས་ལོའི་ཐུན་མོང་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་གཅིག་གྱུར་གྱི་མདུན་ལྗོངས་བརྩོན་ལེན་བྱས་ནས་འགྲམ་ངོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཐེ་ཝན་རང་བཙན་གྱི་ཁ་བྲལ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱས་ནས་ཐེ་ཝན་སྤུན་ཟླར་མཐུན་སྒྲིལ་དང་ལག་རྡང་སྦྲེལ་ཏེ་མི་རིགས་བསྐྱར་དར་ཡོང་བར་འབད་དགོས།

མི་ཕམ་མགོན་པོས་བསྒྱུར།