
ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཁྲིན་ཀང་གྲོས་ཚོགས་ལ་ཞུགས་ཤིང་ཝུའུ་ཞའོ་ཅུན་དང་ཝང་དབྱང་གཉིས་ཀྱིས་གཏམ་བཤད་པ་དང་། ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཀྲང་ཙིག་ཅུན་དང་ཀྲ་ཆིན་ཅིག་གཉིས་ཀ་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་འགྲེལ་ཀློག་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྲོས་ཞིབ་ལ་ཞུགས་ནས་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།
འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ནན་མོ་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སྙན་ཞུའི་བརྗོད་དོན་གསལ་ཞིང་གཞི་གྲངས་དོན་དངོས་དང་མཐུན་པ་དང་། གྱོད་དཔེ་ལ་གསོན་ཉམས་ལྡན་པས། ཏང་གི་འདོད་བློ་མཚོན་ཞིང་དམངས་དོན་དུ་ཁྲིམས་སྐྱོང་ལག་ལེན་བྱས་པ་དང་། བཅོས་སྒྱུར་གསར་སྐྲུན་གྱི་སྤོབས་པས་ཁེངས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་ཡོངས་སུ་འཐད་པ་ཡིན། ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་བྱ་བའི་ཐད་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་བྱས་པའི་ཆབ་སྲིད་ཀྱི་རང་རྟོགས་གང་ལེགས་སྒོས་མཚོན་པར་བྱས་པ་དང་། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ་དེ་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས། ནུས་ལྡན་སྒོས་འགན་འཁྲི་ལག་བསྟར་དང་ལས་འགན་དང་ལེན་བྱས་པའི་འགན་འཁྲིའི་ཁག་ཁུར་གང་ལེགས་སྒོས་མཚོན་པར་བྱས་ཤིང་། རང་ཉིད་ལ་གནོན་ཤུགས་སྟེར་བ་དང་རང་འགུལ་སྒོས་བྱ་སྤྱོད་དང་ལེན་བྱེད་པ་འབུར་དུ་ཐོན་པར་བྱས་པ་དང་། དྲང་གཞག་ཕན་ནུས་མཐོ་བའི་ཁྲིམས་སྐྱོང་ཁོར་ཡུག་གསར་སྐྲུན་བྱས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ས་གང་དུ་ལག་བསྟར་བྱེད་ན་ཁྲིམས་འཛིན་གྱིས་ས་དེ་རུ་ཞབས་འདེགས་ཞུ་བའི་ཁྲིད་ཕྱོགས་གསལ་བོ་གང་ལེགས་སྒོས་མཚོན་པར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ནུས་ལྡན་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས། ང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་བཟང་བོ་བྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་གཏིང་ཟབ་ཏུ་སྤེལ་བར་མཉམ་དུ་སྐུལ་འདེད་གཏོང་ངེས་ཡིན་ཟེར།
འཐུས་མི་ཝང་ལིས་མེན་གྱིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལས་དོན་དངོས་དང་གཞི་གྲངས་ཀྱིས་འདེགས་སྐྱོར་བྱས་ཡོད་པ་དང་། སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་ཤིང་བརྗོད་སྙིང་འབུར་ཐོན་ཡིན་པ་དང་། བདེན་འཚོལ་དངོས་གཉེར་ཡིན་ལ། རླབས་ཆེན་དར་ཆ་མཐོན་པར་སྒྲེང་ཞིང་དམངས་དོན་དུ་བརྩེ་སེམས་ཀྱིས་ཁེངས་པ་དང་། ཁྲིམས་སྐྱོང་ཁག་ཁུར་མངོན་པར་བྱས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་ཡོངས་སུ་འཐད་པ་ཡིན། ལོ་ལྔའི་རིང་ལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཆབ་སྲིད་འཛུགས་སྐྲུན་དེ་འགན་འཁྲི་ལག་བསྟར་བྱེད་པའི་ལས་འགན་དང་པོར་བཞག་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དེ་ལག་བསྟར་བྱེད་པའི་འགན་འཁྲི་རུ་བརྩི་བ། དམིགས་འབེན་ལག་བསྟར་བྱེད་པ་དེ་ལས་འགན་གལ་ཆེན་དུ་བརྩི་བ། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་གཞི་རྩའི་སྒུལ་ཤུགས་སུ་བརྩིས་ཏེ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གོ་གནས་དང་ནུས་པར་ཤུགས་སྣོན་ཆེན་པོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ནུས་ལྡན་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས།
འཐུས་མི་ཝང་དབྱང་གིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྗོད་སྙིང་གསལ་བོ་འབུར་དུ་ཐོན་པར་བྱས་པ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྩི་སྲུང་བྱེད་པའི་ཆབ་སྲིད་རང་རྟོགས་མངོན་པར་བྱས་ཡོད་ལ། དམངས་དོན་དུ་ཁྲིམས་སྐྱོང་བ་དང་དྲང་གཞག་ཁྲིམས་འཛིན་གྱི་བྱ་བའི་འདུ་ཤེས་ལག་ལེན་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིམས་འཛིན་ཁག་ཁུར་མངོན་པར་བྱས་ཡོད། སྙན་ཞུ་ལས་ཆབ་སྲིད་འཛུགས་སྐྲུན་གྱི་ལངས་གནས་མཐོ་ཞིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཆེན་པོ་ལྡན་པ་དང་། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་པའི་ཕན་འབྲས་བཟང་ལ། དམངས་དོན་དུ་ཁྲིམས་སྐྱོང་བའི་བྱེད་ཐབས་ལེགས་པས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་ལ་འགན་སྲུང་བྱེད་པ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱེད་པར་ནུས་ལྡན་ཁྲིམས་སྐྱོང་ཞབས་ཞུ་འདོན་སྤྲོད་བྱས་ཡོད་པས། ང་ཡོངས་སུ་འཐད་པ་ཡིན་ཟེར།
འཐུས་མི་ཡོན་ཧོང་ཝེ་དང་མཱ་ཧྲི་ཀོང་། བསོད་ནམས་བསྟན་འཛིན། གོ་ཅིན་ཕེན། ཏུང་ཆོན་མེན་བཅས་ཀྱིས་གཏམ་བཤད།
བཀྲ་ཤིས་འབུམ་གྱིས་བསྒྱུར།