ཡུས་ཧྲུའུ་ཁུལ་གྱིས་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོབ་ལ་སྐུལ་འདེད་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 3

ད་ལོར།  ཡུས་ཧྲུའུ་ཁུལ་གྱིས་ཆུ་དང་མཚེའུར་སྲུང་སྐྱོབ་བཟང་བོ་བྱེད་པ་དང་།   བདེ་ཞིང་སྐྱིད་པའི་ཆུ་དང་མཚེའུ་འཛུགས་སྐྲུན་གྱི་དམིགས་འབེན་གཙོ་བོར་དམིགས་ནས།    བསམ་གཞིགས་ཞིབ་མོས་གཙང་བོ་དང་མཚེའུའི་དོ་དམ་སྲུང་སྐྱོབ་ཀྱི་བྱ་བ་སོ་སོར་གཅིག་གྱུར་སྐུལ་འདེད་བཏང་བ་དང་།     འགན་འཁྲི་ནན་དཀྲི་དང་བཅོས་སྐྱོང་ལ་ཤུགས་སྣོན།   ལྟ་སྐུལ་དོ་དམ་གནད་ལ་འཁེལ་བ་བཅས་བྱས་ནས་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་སྟེ། ཕན་ནུས་དོན་འཁྱོལ་དང་སྤུས་འདེགས་ནུས་སྤེལ་གྱི་རྣམ་པ་བཟང་བོ་མངོན་པར་བྱས་ཡོད།

ཆུ་དཔོན་དང་མཚེའུ་དཔོན་གྱིས་སྣེ་ཁྲིད་དང་ཆུ་བེད་སྡེ་ཁག་གིས་དོན་འཁྱོལ་བྱེད་པ།   སྡེ་ཁག་མང་པོས་མཐུན་སྦྱོར་བྱེད་པ་སོགས་རྒྱུན་འཁྱོངས་བྱས་ནས།   བདེ་ཞིང་སྐྱིད་པའི་གཙང་བོ་དང་མཚེའུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།  ཆུ་དཔོན་མཚེའུ་དཔོན་དང་ཞིབ་དཔྱོད་དཔོན་མཉམ་བསྲེས་ཀྱི་བྱ་བའི་ནང་རྐྱེན་དང་། ཆུ་དང་མཚེའུའི་ཉེན་དཔོན་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ།   ཁུལ་སྤྱི་བདེ་དང་ཞིབ་དཔྱོད།   ཁྲིམས་ཁང་སོགས་སྡེ་ཁག་བརྒྱད་དང་མཉམ་འབྲེལ་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་སྲིད་འཛིན་མཉམ་འབྲེལ་ཁྲིམས་བསྟར་དང་སྲིད་འཛིན་མཐུན་སྦྱོར་ནང་རྐྱེན་འཛུགས་པའི་འབྲེལ་ཡོད་བསམ་འཆར་འགྲེམ་སྤེལ་བྱས་ནས།    ཆུ་དང་མཚེའུ་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་ཁྲིམས་བསྟར་དང་ཉེས་དོན་སྲིད་འཛིན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ།    སྡེ་ཁག་མཉམ་འབྲེལ་དང་མཉམ་འཛིན་སྤྱི་སྒྲུབ་ཀྱི་བཅོས་སྐྱོང་མཉམ་ཤུགས་གྲུབ་པར་བྱས།

ཆུ་བོར་སྐོར་ཞིབ་དང་སྲུང་སྐྱོབ་བྱེད་རྒྱུ་རྨང་གཞིར་བྱས་ནས།   སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཐད་གནས་པའི་མི་མངོན་པའི་རྐྱེན་ངན་དང་གནད་དོན་ལ་ཞིབ་བཤེར་ལེགས་བཅོས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཚད་གཞི་དང་གོ་རིམ་ལྡན་པའི་ཆུ་དང་མཚེའུའི་དོ་དམ་སྒྲིག་སྲོལ་ལ་སྲུང་སྐྱོབ་ནན་མོ་བྱས།  ཁུལ་དང་རྫོང་།  ཡུལ་ཚོ། སྡེ་བ་བཅས་རིམ་པ་བཞིའི་ཆུ་དཔོན་དང་མཚེའུ་དཔོན་རྣམས་ཀྱིས་གཏན་འཁེལ་ལྟར།  ཆུ་བོ་དང་མཚེའུའི་སྐོར་ཞིབ་བྱ་བ་ཐེངས་མང་སྤེལ་བ་དང་།   མིག་སྔའི་བར་དུ།   བསྡོམས་པས་ཆུ་བོར་སྐོར་ཞིབ་ཐེངས་སྟོང་གསུམ་དང་བདུན་བརྒྱ་བཞི་བཅུ་བྱས་ནས། ཆུ་བོ་དང་མཚེའུར་འབྲེལ་བའི་གནད་དོན་བཅུ་ལྷག་རྙེད་ལ།   དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉི་ཤུ་ཇེ་དམར་སོང་ཡོད་པ་དང་།   གནད་དོན་ཡོད་ཚད་དག་ཐེར་ལེགས་བཅོས་བྱས་ཟིན།

ལྷ་མོ་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།