མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྙན་སྒྲོན་པ་དང་མདོ་འཛིན་པ་བསྡུ་བའི་བརྡ་ཁྱབ།
2014.06.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

བོད་སྐད་རླུང་འཕྲིན་གྱི་ལས་དོན་འཕེལ་རྒྱས་དང་བྱ་བའི་དགོས་མཁོར་དམིགས་ནས། ད་ལྟ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་ལེ་ཚན་སྙན་སྒྲོན་པ་དང་མདོ་འཛིན་པ་རེ་འགའ་བསྡུ་གྲབས་ཡོད།
1. ཆབ་སྲིད་ཀྱི་བྱང་ཚད་མཐོ་ཞིང་ཏང་གི་ལས་དོན་ལ་བློ་དཀར་པ་དང་རླུང་འཕྲིན་བྱ་བཞག་ལ་སྤྲོ་མོས་ཆེ་དགོས།
2. སློབ་ཆེན་དངོས་གཞི་ཡན་གྱི་སྦྱངས་རབས་ཡོད་དགོས་ལ། བོད་རྒྱ་ཡིག་རིགས་གཉིས་ལ་བྱང་ཆ་ངེས་ཅན་ལྡན་དགོས།
3. ལོ་སུམ་བཅུའི་མན་ཡིན་དགོས་ལ། སྨྲ་ལྕེ་དག་ཅིང་གཏམ་བཤད་ཀྱི་ནུས་པ་ངེས་ཅན་ལྡན་དགོས་པར་མ་ཟད། རིག་པ་སྐྱེན་ལ་གཟུགས་བྱད་ཡག་པོ་ཡོད་དགོས།
4. རང་ཉིད་ཀྱི་ཐོབ་ཐང་འཛིན་ཡིག་དང་མཐར་ཕྱིན་འཛིན་ཡིག དེ་མིན་འབྲེལ་ཡོད་འོས་ཐོབ་འཛིན་ཡིག་གི་མ་ཡིག་དང་བསྐྱར་དཔར། རང་ཉིད་ཀྱི་མཚམས་སྦྱོར་རག་བསྡུས་སོགས་འཛིན་དགོས།
5. མིང་ཐོ་འགོད་པའི་དུས་ཚོད་ནི་ད་ནས་བཟུང་སྟེ། སྤྱི་ཟླ6ཚེས18ཉིན་བར་ཡིན།
6. མིང་ཐོ་འགོད་ས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་ཤུགས་ཐོན་ཁུངས་པུའུ་ཡིན་ལ། ས་གནས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སྲིད་འཛིན་དོ་དམ་དཀྱིལ་སྙིང་གི་དྲུག་ཐོག་ཡིན།
地址:青海广播电视台行政管理中心6楼(省老干部活动中心西侧)

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག

Copyright © 2004-2019 QHTB All Rights Reserved པར་གཞི་རྙིང་བ།

举报电话:0971—6329640 版权声明 备案号:青ICP备05002201号-2 视听许可证:3010436 青公网安备 63010402000163号