མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་གི ལོ་སྟེ་སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་ལོ་སར་དགོང་ཚོགས་ཀྱི་རིག་རྩལ་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།
2014.09.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱིས་ལོ་རེར་བསྒྲུབ་བཞིན་པའི་ལོ་སར་དགོང་ཚོགས་དེ་སྔར་ལས་ཕུན་སུམ་ཚོགས་ཞིང་། མི་རིགས་རང་གི་ཁྱད་ཆོས་ མངོན་པར་གསལ་པའི་གནམ་ལོ་གསར་བའི་ལེགས་སྐྱེས་གྱ་ནོམ་པ་ཞིག་བསྒྲུབ་ཆེད། ས་གནས་སོ་སོའི་སྒྱུ་རྩལ་པ་རྣམས་ཀྱིས་གསར་རྩོམ་བྱས་པའི་སྒྱུ་རྩལ་བརྩམས་ཆོས་ཏེ་གླུ་དང་གླུ་དབྱངས། ཞབས་བྲོ་དང་བཞད་གར། རྡུང་ལེན་དང་ཁ་ཤགས། རྩེད་རིག་སོགས་བསྐུར་བ་ལ་གཤམ་གྱི་ཆ་རྐྱེན་འགའ་ཐུགས་ལ་འཛིན་རྒྱུ་མཁྱེན།

དང་པོ། ནང་དོན་གྱི་ཆ་ནས་སྐབས་བབས་ཀྱི་སྲིད་ཇུས་དུས་ལེགས་དང་སྣོད་བཅུད་མཛེས་ལྗོངས། འཚོ་བ་གསར་བ་སོགས་ཀྱི་དགེ་མཚན་ལ་བསྟོད་གླུ་གྱེར་བའི་ལོ་སར་སྤྲོ་སྐྱིད་ཀྱི་རྣམ་པས་ཡོངས་སུ་ཕྱུག་པའི་བརྩམས་ཆོས་ཡིན་དགོས།

གཉིས་པ། བརྩམས་ཆོས་ཚང་མ་བོད་སྐད་དག་མ་ཡིན་དགོས་པ་མ་ཟད། གསར་རྩོམ་ཡིན་དགོས།

གསུམ་པ། བརྩམས་ཆོས་ཡོད་ཚད་ DVD འམ་ CD འོད་སྡེར་ཡིན་དགོས། གླུ་ཚིག་དང་ས་གནས། མིང་དང་འདྲ་པར། སྦྲག་སྲིད་ཨང་གྲངས། འབྲེལ་གཏུག་ཁ་པར་སོགས་གསལ་བོར་བྲིས་ཏེ་བསྐུར་དགོས།

བཞི་བ། བརྩམས་ཆོས་བསྡུ་བའི་དུས་ཚོད་ནི་ 2014 ལོའི་ཟླ་ 9 བའི་ཚེས་ 28 ནས་ཟླ་ 11 པའི་ཚེས་ 1 བར་ཡིན། ལྔ་པ། བརྩམས་ཆོས་བདམས་ཐོན་བྱུང་ཚེ་ང་ཚོས་ཐད་ཀར་མི་སྒེར་རང་ཉི