མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་བོད་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏང་ཆེད་དང་། བོད་ཀྱི་ངག་བརྒྱུད་རིག་གནས་གྲས་ཀྱི་གླུ་ཤགས་རིག་གནས་འཚོལ་སྔོག་དང་མྱུར་སྐྱོབ། ཁྱབ་གདལ་གཏང་བ། དེའི་རྒྱུན་འཛིན་པ་གསོ་སྐྱོང་བཅས་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་གླུ་ཤགས་གདན་ཞུས་འགྲན་སྡུར་སྐབས་དང་པོ་དེ་ད་ལོའི་སྤྱི་ཟླ་བཞི་བའི་ཟླ་དཀྱིལ་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་བསྡུ་རྒྱུ་ཡིན།
གཅིག ས་ཁུལ་དང་གླུ་བ་གླུ་མའི་གྲངས་ཚད།
མཚོ་ནུབ་ལ་གླུ་བ་གླུ་མ་དྲུག
མཚོ་བྱང་ལ་གླུ་བ་གླུ་མ་དྲུག
མཚོ་ལྷོ་ལ་གླུ་བ་གླུ་མ་དྲུག
རྨ་ལྷོ་ལ་གླུ་བ་གླུ་མ་དྲུག
མགོ་ལོག་ལ་གླུ་བ་གླུ་མ་དྲུག
གཉིས། བྱ་དགའི་ཨང་རིམ་དང་བྱ་དགའི་དངུལ་གྲངས།
ཨང་དང་པོ་གཅིག བྱ་དགར་སྒོར10000ཡིན།
ཨང་གཉིས་པ་གཉིས། བྱ་དགར་སྒོར6000རེ་ཡིན།
ཨང་གསུམ་པ་གསུམ། བྱ་དགར་སྒོར4000རེ་ཡིན།
གསུམ། མིང་ཐོ་འགོད་དུས།
2015 ལོའི་ཟླ 4 ཚེས 9 ཉི