མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ལས་བྱེད་མི་སྣ་བསྡུ་བའི་བརྡ་སྦྱོར།
2015.03.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

བྱ་བའི་དགོས་མཁོ་ལ་དམིགས་ནས་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་ལས་བྱེད་མི་སྣ་བསྡུ་རྒྱུ་ཡིན།

1.བརྙན་རིས་གསར་འགོད་པ། ཞལ་གཟུགས་མཛེས་ཤིང་། སྨྲ་ལྕེ་དག་ལ་འབྲེལ་འདྲིས་ནུས་པ་འབུར་དུ་ཐོན་དགོས།

2.རྩོམ་འབྲི་གསར་འགོད་པ། རྩོམ་འབྲིའི་ཕྱོགས་ལ་བྱང་ཆ་ལྡན་དགོས་པ་དང་གསར་འགྱུར་རྩོམ་སྒྲིག་གི་ནུས་པ་ལྡན་དགོས།

3.སྒྲིག་འཁྲིད་པ། རྩོམ་འབྲིའི་ཕྱོགས་ལ་བྱང་ཆ་ལྡན་དགོས་པ་དང་། སྨྲ་ལྕེ་བདེ་ལ་འབྲེལ་འདྲིས་ནུས་པ་དང་ཇུས་འགོད་ཀྱི་ནུས་པ་ལྡན་དགོས།

4.རྩོམ་སྒྲིག་པ། རྩོམ་འབྲིའི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ལྡན་དགོས་པ་ལས་གཞན། གློག་ཀླད་ལ་བྱང་ཆ་ཡོད་དགོས།

5.མདོ་འཛིན་པ། གཟུགས་རིས་མཛེས་ཤིང་། རྒྱ་སྐད་ཀྱི་ རིམ་པ་དང་པོའི་༼ 一级乙等 ༽སྤྱི་སྐད་འཛིན་ཡིག་ཡོད་པ། སྨྲ་ལྕེ་དག་ལ་འབྲེལ་འདྲིས་ནུས་པ་ལྡན་དགོས།

6.གསར་འགྱུར་ཇུས་འགོད་པ། རྩ་འཛུགས་དང་ཇུས་འགོད་ཀྱི་ནུས་པ་ལེགས་པོ་ལྡན་དགོས་པ་དང་། གསར་འགྱུར་གྱི་ཕྱོགས་ལ་ཤེས་ཚོར་རྣོན་པོ་ཡོད་དགོས་