མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རིག་རྩལ་སྟེགས་བུ་ཞིག་བསྒྲུབས།
2015.04.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམ་བཞད་ཀྱི་དུས་རབས་འདིའི་སྒོ་གླེགས་ཀུན་ནས་གསར་བྱུང་གི་འབྲས་བུ་ཁུར་དུ་དུད་ཅིང་། སྣ་མང་རིག་མཛོད་ཀྱི་ཡོ་ལང་རྣམ་པར་རྫོགས་པས་མི་རྣམས་ཀྱི་བསམ་པའི་དཔལ་ཡོན་དང་། རིག་གནས་དཔལ་ཡོན་གྱི་ལྟ་སྟངས་ལའང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་། བགྲང་བྱ་བཅུ་ལྷག་རིང་གི་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་ཚིགས་འདིས་ད་ལྟའི་བར་དུ་མི་རྣམས་ཀྱི་རེ་འདུན་སྐོང་ཞིང་། དེ་མིན་དྲ་ཚིགས་འདི་ཉིད་འཛམ་གླིང་ལ་ཁ་ཕྱོགས་ཏེ་རྒྱལ་སྤྱི་རྒྱལ་ནང་གི་གསར་འགྱུར་དང་། བོད་ནང་ཁུལ་གྱི་གསར་བྱུང་རིག་རྩལ་སྣ་མང་ཀུན་ཀྱི་སྤྱན་སྔར་དང་། མིག་གི་བདུད་རྩི་རུ་དྲངས་ཏེ་ད་ལོའི་ལོ་སར་གྱི་དུས་ཡུན་ཐུང་ངུའི་ནང་ཉིན་རེའི་རྡེབ་ཚད་མི་གྲངས་ཁྲི9ལས་བརྒལ་ཏེ་ཐོལ་བརྒལ་གྱི་ལོ་རྒྱུས་ཟིན་ཐོར་བསྐྲུན། དེ་དག་ལས་ལྟ་མཁན་ཆེས་མང་བ་དང་ཆེས་དགའ་བསུ་ཐོབ་པའི་ལེ་ཚན་གྱི་གྲས་སུ་རིག་རྩལ་ལེ་ཚན་སྣ་ཚོགས་ཀྱང་འདུས་པས། ཐེངས་འདིར་ངེད་དྲ་ཚིགས་ཀྱིས་ཁྱེད་ཅག་གི་རེ་འདུན་ཡིད་བཞིན་དུ་སྐོང་ཆེད་ཚོད་ལྟའི་རང་བཞིན་གྱི་ཆེད་བསྒྲིགས་སྟེགས་བུ་ཞིག་བསྒྲུབས་ཏེ། དེའི་ནང་གླུ་གཞས་དང་སྤྲོ་ཚོགས། གློག་བརྙན། ཁ་ཤགས། སྙན་ངག་གྱེར་འདོན། དགོད་བྲོའི་བརྙན་ཐུང་སོགས་རི