2015ལོའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་ལས་བྱེད་མི་སྣ་བསྡུ་བའི་རྒྱུགས་གཞི་བཀོད་སྒྲིག་གི་གནས་ཚུལ་གཤམ་གསལ་ལྟར།
ཡིག་རྒྱུགས་དུས་ཚོད།
2015ལོའི་ཟླ4ཚེས18ཉིན་གྱི་སྔ་དྲོའི་དུས་ཚོད9:00- 11:00བར་ཡིན།
ཁ་རྒྱུགས་དུས་ཚོད།
2015ལོའི་ཟླ4ཚེས19ཉིན་གྱི་སྔ་དྲོའི་དུས་ཚོད9:00སྟེང་མགོ་རྩོམ་རྒྱུ་ཡིན།
རྒྱུགས་ལེན་ས་གནས།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ནུབ་གླིང་གི་རིག་ཚན་ཐོག་ཁང་གི་ཁང་བརྩེགས་གསུམ་པ། (ནུབ་རྒྱུད་ལྷོ་ལམ་གྱི་ལམ་རྟགས་ཨང་བརྒྱད་པ)(西川南路8号)
དོ་སྣང་བྱ་དགོས་ས།
1 རྒྱུགས་ཞུགས་མི་སྣས་ངེས་པར་དུ་རང་གི་ཐོབ་ཐང་ལག་འཁྱེར་དང་། རྒྱུགས་གཞིའི་ཚད་ལྡན་གྱི་སྨྱུ་གུ་སོགས་གྲ་སྒྲིག་བྱེད་པར་གལ། 2015ལོའི་ཟླ4ཚེས་18ཉིན་གྱི་སྔ་དྲོའི་དུས་ཚོད་8:00སྟེང་རྒྱུགས་རའི་ནང་དུ་ཐོན་དགོས།
2 རྒྱུགས་ཞུགས་མི་སྣས་བརྡ་སྦྱོར་མཐོང་རྗེས་སུ 0971-6329307དང་6329305ལ་ཁ་པར་བཏང་ནས་གསལ་བོར་དྲིས་ཆོག