མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ལས་བྱེད་མི་སྣ་བསྡུ་བའི་རྒྱུགས་འབྲས་གསལ་བསྒྲགས་དང་རྒྱུགས་འཕྲོད་མི་སྣས་དོ་སྣང་བྱ་ཡུལ་འགའ།
2015.04.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0


རྒྱུགས་ཞུགས་པ་རྣམ་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས2015ལོར་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་ལས་བྱེད་མི་སྣ་བསྡུ་བའི་རྒྱུགས་འབྲས་གསལ་བསྒྲགས་དང་རྒྱུགས་འཕྲོད་མི་སྣས་གཤམ་གྱི་བླང་བྱ་འདི་དག་ལ་དོ་སྣང་བྱེད་པར་འཚལ། རྒྱུགས་འཕྲོད་པའི་སློབ་གྲོགས་དག་གིས་ཟླ4བའི་ཚེས21ཉིན་རང་ཉིད་ཀྱིས༼གཞུང་ཞབས་པའི་ཚད་ལྡན་གྱི་བརྟག་དཔྱད་ལྟར་ལག་བསྟར་བྱ་དགོས།༽ སྨན་ཁང་གང་རུང་ནས་ལུས་ཕུང་བརྟག་དཔྱད་བྱ་དགོས་པ་དང་། ༼བརྟག་དཔྱད་བྱ་ཡུལ་གྱི་སྨན་ཁང་ནི་ངེས་པར་དུ་རྫོང་རིམ་པ་ཡན་གྱི་སྨན་ཁང་ཡིན་དགོས།༽ ཟླ4བའི་ཚེས27ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་བརྟག་དཔྱད་མཇུག་འབྲས་དང་ཉེས་མེད་བདེན་དཔང་ཡི་གེ༼སློབ་གྲྭའམ་མངག་བཅོལ་ཁང་སོགས་ནས་ལེན་དགོས།༽ རང་ཉིད་ངོ་སྤྲོད་མདོར་བསྡུས་བཅས་འཁྱེར་ནས་མཚོ་སྔོན་རྒྱང་སྒྲོག་བརྙན་ཁང་གི་སྲིད་འཛིན་དོ་དམ་ལྟེ་གནས་ཀྱི་དྲུག་ཐོག་གི་མི་ཤུགས་ཐོན་ཁུངས་པུའུ་དང་བདེ་འཇགས་འགན་སྲུང་པུའུ་རུ་ཡོང་ནས་མིང་ཐོ་འགོད་དགོས།

འབྲེལ་གཏུག་ཁ་པར། 0971-6329305、6329307

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག

Copyright © 2004-2019 QHTB All Rights Reserved པར་གཞི་རྙིང་བ།

举报电话:0971—6329640 版权声明 备案号:青ICP备05002201号-2 视听许可证:3010436 青公网安备 63010402000163号