སྐབས་གཉིས་པའི་ཀྲུང་གོ•རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་ཆེན་མོ་སྤེལ་བའི་སྐོར་གྱི་བརྡ་སྦྱོར།
2015.05.27 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད།  2015ལོའི་ཟླ9བའི་ཟླ་སྟོད་ལ་སྐབས་གཉིས་པའི་ཀྲུང་གོ་རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་ཆེན་མོ་སྤེལ་རྒྱུ་ཡིན(འགྲན་སྡུར་གྱི་དུས་ཚོད་དངོས་སྐབས་བསྟུན་བརྡ་སྦྱོར་བྱ)། སྐབས་འདིའི་འགྲན་སྡུར་ཆེན་མོར་མགོ་རྩོམ་པའི་མཛད་སྒོ་དང་། ཐང་ག་སྤུས་ལེགས་འགྲེམ་སྟོན། ཐང་གའི་སྒྱུ་རྩལ་བགྲོ་གླེང་སོགས་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་རེད། ཐེངས་འདིའི་འགྲན་སྡུར་གཟབ་རྒྱས་ངང་སྤེལ་ཆེད། ང་ཚོས་ཁུལ་ཕྱི་ནང་གི་ལྷ་རིས་པ་དང་རྒྱལ་ཁབ་རིམ་པའི་ཐང་གའི་བཟོ་རྩལ་སློབ་དཔོན། ཐང་གའི་རྒྱུན་འཛིན་པ། ཐང་གའི་སྒྱུ་རྩལ་ལ་དགའ་མོས་ཡོད་མཁན་གང་མང་ཞིག་གདན་འདྲེན་ཞུས་ཡོད། འགྲན་སྡུར་ཆེན་མོའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་འགྲན་སྡུར་སྐོར་གྱི་དོ་སྣང་བྱེད་དགོས་པ་གཤམ་གསལ།

གཅིག མིང་ཐོ་འགོད་པའི་དུས་ཚོད། 
2015ལོའི་ཟླ5བའི་ཚེས4ནས་ཟླ7པའི་ཚེས20བར་ཡིན་ལ་དུས་ལས་ཡོལ་ན་ཐོ་འགོད་མི་བྱེད།

གཉིས། མིང་ཐོ་འགོད་ས།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་འགྲེམ་སྟོན་