ཡུལ་དངོས་ཐོབ་ཐང་བསྐྱར་ཞིབ་དུ་ཚུད་པའི་རྒྱུགས་སྤྲོད་པ་རྣམ་པ།
ངེད་ལས་ཁུངས་ཀྱི་ལས་གནས་སུ་རྒྱུགས་སྤྲད་པ་དང་ཡུལ་དངོས་ཐོབ་ཐང་བསྐྱར་ཞིབ་ཏུ་ཚུད་པའི་རྒྱུགས་སྤྲོད་པ་རྣམས་ཀྱིས། ཟླ་དྲུག་པའི་ཚེས་དགུ་དང་ཚེས་བཅུ་ཉིན་ངེད་ལས་ཁུངས་ཀྱི་མི་ཤུགས་ཐོན་ཁུངས་དང་བདེ་འཇགས་འགན་སྲུང་པུའུ་རུ་ཡུལ་དངོས་ཐོབ་ཐང་བསྐྱར་ཞིབ་བྱེད་པར་ཡོང་དགོས་ལ། བསྐྱར་ཞིབ་བྱེད་དུས་འཁྱེར་ཡོང་དགོས་པའི་རྒྱུ་ཆ་དག་ནི་གཤམ་གསལ་ལྟར།
གཅིག ཐོབ་ཐང་ལག་ཁྱེར་དང་བསྐྱར་དཔར་གཉིས།
གཉིས། སློབ་ཆེན་ཆེད་སྦྱོང་དང་། དངོས་གཞིའི་མཐར་ཕྱིན་འཛིན་ཡིག བསླབ་གནས་དཔང་ཡིག་གི་མ་ཡིག་དང་། བསྐྱར་དཔར་གཉིས་རེ།༼ ཕྱི་རྒྱལ་དུ་སློབ་གཉེར་བྱེད་མཁན་གྱིས་སློབ་གསོ་པུའུ་ཕྱི་འགྲིམ་ཞབས་ཞུ་ལྟེ་གནས་ཡིས་གནང་བའི་སློབ་གཉེར་ངོས་ལེན་དཔང་ཡིག་གི་མ་ཡིག་དང་བསྐྱར་དཔར་གཉིས་འདོན་སྤྲོད་བྱ་དགོས་ལ། སློབ་དུས་འདིའི་མཐར་ཕྱིན་སློབ་མས་སློབ་གྲྭས་གནང་བའི་སློབ་གཉེར་དང་བསླབ་གནས་ཀྱི་དཔང་ཡིག་འདོན་སྤྲོད་བྱ་དགོས་པ་དང་། 2015ལོའི་ཟླ་7པའི་ཚེས་31ཉིན་གྱི་ཡན་ལ་སློབ་གཉེར་དང་བསླབ་གནས་དཔང་ཡིག་གི་མ་ཡིག་མཁོ་སྤྲོད་བྱ་དགོས། འགོར་ཚེ་རྒྱུགས་སྤྲོད་དབང་ཆ་མེད་པར་བཟོ་རྒྱུ་ཡིན། ༽
གསུམ། ལས་གནས་རེ་བ་ལྟར་ཀྱི་འབྲེལ་