བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་སྐོར་གྱི་གསལ་བརྡ།
2015.10.23 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 0

དྲ་གྲོགས་རྣམ་པ། ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོ་དེ་ད་ལོའི་སྤྱི་ཟླ་དྲུག་པ་ནས་བཟུང་རང་ཞིང་གི་མཚོ་བྱང་དང་མཚོ་ནུབ། མཚོ་ལྷོ། མགོ་ལོག རྨ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་བཅས་འགྲན་ཁུལ་དྲུག་ནས་ཐོག་མའི་འགྲན་སྡུར་བྱས་ཏེ་ལེགས་འགྲུབ་བྱུང་། ཐེངས་འདིའི་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་དེ་ད་ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་དུ་ཟི་ལིང་ནས་བསྡུ་རྒྱུ་ཡིན་ལ། དེ་དུས་ང་ཚོས་འགྲན་ཁུལ་སོ་སོ་ནས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་རྣམས་ལ་ཁ་པར་གྱི་ལམ་ནས་བརྡ་རྒྱག་ངེས་ཡིན། ད་ལྟ་སྤྱི་ཚོགས་སྟེང་ན་ང་ཚོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མིང་གཡར་ནས་དམངས་གླུ་འགྲན་སྡུར་གྱི་བྱ་འགུལ་སྤེལ་མཁན་ཡོད་པས། རེབ་འདིར་ང་ཚོས་སྤེལ་བའི་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་ཁྲོད་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་རྣམས་ཀྱིས་དེ་ལ་གཟབ་གཟབ་བྱ་དགོས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་