མཚོ་སྔོན་དུ་ཡུལ་སྐོར་སྣེ་ཤན་པ་བཟང་པོ་བཅུ་དང་ཡུལ་སྐོར་བ་བཟང་པོ་བཅུ་གདམ་རྒྱུ་རེད།
2015.11.05 ཁུངས། ཀློག་གྲངས། 0

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཕྲིན་གསར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱི་ དཔལ་ཡོན་ལྡན་པའི་ངང་ཡུལ་སྐོར་ལས་རིགས་སྤེལ་བའི་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་སྙིང་སྟོབས་ལ་སློབ་སྦྱོང་མཐིལ་ཕྱིན་བྱེད་པ་དང་། ཡུལ་སྐོར་ལས་རིགས་ཀྱི་དཔལ་ཡོན་འདུ་ཤེས་མཐོར་འདེགས་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གཞིར་བཟུང་ནས་ཡུལ་སྐོར་བ་བཟང་པོ་དང་ཡུལ་སྐོར་སྣེ་ཤན་པ་བཟང་པོར་སློབ་སྦྱོང་བྱ་རྒྱུ་བཅས་ལ་དམིགས་ནས། མ་འོངས་པའི་ཟླ་གཉིས་ཀྱི་རིང་མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུའུ་དང་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ནས༼ཀྲུང་གོའི་ཡུལ་སྐོར་སྣེ་ཤན་པ་བཟང་པོ་དང་། ཀྲུང་གོའི་ཡུལ་སྐོར་བ་བཟང་པོ།༽ ༼ཆེས་ལེགས་པའི་ཡུལ་སྐོར་ཁང་བཅུ༽བཅས་འདེམས་པའི་བྱ་འགུལ་སྤེལ་རྒྱུ་རེད།

འགྲན་སྡུར་འདིར་ཐོག་མའི་རིམ་པ་དང་། བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་སོགས་བརྒྱུད་དགོས་པ་མ་ཟད། དྲ་ཐོག་དང་འཕྲིན་ཕྲན་སོགས་ནས་འདེམས་ཤོག་འཕེན་པའི་གོ་རིམ་ཆ་ཚང་བརྒྱུད་རྗེས་མཚོ་སྔོན་ནང་ཁུལ་གྱི་དཔེ་ལེགས་ཡུལ་སྐོར་སྣེ་ཤན་པ་དང་ཡུལ་སྐོར་བ་བཅུ་གདམ་རྒྱུ་རེད།
ཟླ11པའི་ཚེས30ཉིན་མིང་ཐོ་འགོད་མཚམས་འཇོག་རྒྱུ་ཡིན་པས།