གསར་འགྱུར་ལས་རིགས་སྐོར་གྱི་མཐོ་རིམ་ཆེད་ལས་ལག་རྩལ་ལས་གནས་ཀྱི་འགན་བཞེས་ཐོབ་ཐང་རེ་ཞུ་དང་འབྲེལ་བའི་བརྡ་སྦྱོར།
2015.11.13 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 0

《2015ལོའི་གསར་འགྱུར་མཚན་གནས་ཞིབ་དཔྱད་བྱ་བའི་བརྡ་སྦྱོར》(མཚོ་གསར་ཐོབ་དཔྱད〔2015〕ཨང་2)རེ་བ་ལྟར་དུ། 2015ལོའི་གསར་འགྱུར་ཆེད་ལས་རིམ་པའི་མཐོ་རིམ་མཚན་གནས་རེ་ཞུ་བྱ་བའི་འབྲེལ་ཡོད་བརྡ་སྦྱོར་ནི་གཤམ་ལྟར།
གཅིག  རེ་ཞུའི་རྒྱུ་ཆའི་དུས་ཚོད།
ད་ལོའི་མཚན་གནས་རེ་ཞུ་བྱེད་མཁན་གྱི་སྤྲོད་དགོས་པའི་དཔྱད་རྩོམ་གྱི་དུས་དེབ་དང་བྱས་རྗེས་རྒྱུ་ཆ། ཞིབ་འཇུག་འབྲས་བུའི་དཔང་རྟགས། གཟེངས་རྟགས་དཔང་ཡིག  མཐར་ཕྱིན་འཛིན་ཡིག་བླངས་པའི་ཟླ་ཚེས་2015ལོའི་ཟླ12པའི་ཚེས15ཉིན་དུ་བཅོས་བསྒྱུར་བྱས་ཡོད་ལ། འགན་བཞེས་བཞིན་པའི་ཆེད་ལས་ལས་གནས་འགན་བཞེས་དུས་ཚོད་2015ལོའི་ཟླ12ཚེས31སྔོན་བར་བརྩི་རྒྱུ་ཡིན།
གཉིས། རྒྱུ་ཆ་ཡར་སྤྲོད་ཀྱི་མཐའ་མའི་དུས་ཚོད།
2015ལོའི་ཟླ11ཚེས་20ཉིན་ཆེས་མཇུག་མཐའི་ཉིན་ཡིན་པས། འགོར་ཚེ་དང་ལེན་མི་བྱེད།
གསུམ། གསལ་པོར་ངེས་དགོས་པའི་འབྲེལ་ཡོད་ནང་དོན།
1.མཚན་གནས་རེ་ཞུ་མི་སྣས་རྒྱུ་ཆ་སྤྲོད་སྐབས། རེ་ཞུ་མི་སྣའི་གསར་འགྱུར་དཔང་ཡིག་དངོས་དང་བསྐྱར་དཔར་གཅིག་དགོས།
2.མཚན་གནས་གཞན་བརྗེ་རེ་ཞུ་བྱེད་པའི་ཆེད་ལས་ལག་རྩལ་མི་སྣ་ཡང་རྒྱུན་མཐུད་སློབ་གསོའི་གསོ་སྦ