མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི«སྡེ་ཆེན་རྩེད་རའི»ལེ་ཚན་གྱིས་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་ལྔ་བ་སྤེལ་བའི་བརྡ་ཁྱབ།
2016.03.04 ཁུངས། ཀློག་གྲངས། 0

བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་གཟུགས་འདས་རིག་གནས་སམ་ངག་བརྒྱུད་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏང་བ་དང་། སྲོལ་རྒྱུན་གྱི་རིག་གནས་རྩ་ཆེན་འདིའི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་ཆེད། ད་ལོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས«སྡེ་ཆེན་རྩེད་རའི»ལེ་ཚན་གྱི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་ལྔ་བ་སྤེལ་རྒྱུ་ཡིན།

གཅིག འགྲན་ཞུགས་ཆ་རྐྱེན་ནི། ལོ་བཅོ་བརྒྱད་ནས་དྲུག་ཅུའི་བར་གྱི་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ལ་གཞས་ལེན་པར་མཁས་པའི་གླུ་བ་གླུ་མ་དག་ཡིན་དགོས།

གཉིས། འགྲན་ཞུགས་དུས་རིམ་ནི། ཐེངས་འདིའི་འགྲན་སྡུར་ལ་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན་འཕར་མ། བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་བཅས་དུས་རིམ་བཞི་རུ་བགོས་ཡོད།

གསུམ། འགྲན་ཞུགས་གླུ་བ་གླུ་མ་གདམ་ཐབས་ནི། མཚོ་ལྷོ་འགྲན་ཁུལ་དང་རྨ་ལྷོ་འགྲན་ཁུལ། མཚོ་བྱང་འགྲན་ཁུལ། མཚོ་ནུབ་འགྲན་ཁུལ། མགོ་ལོག་འགྲན་ཁུལ་བཅས་འགྲན་ཁུལ་ལྔ་ཡོད་པ་ད