མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན་གྱིས་ལས་བྱེད་མི་སྣ་བསྡུ་བའི་བརྡ་ཁྱབ།
2016.03.09 ཁུངས། ཀློག་གྲངས། 0

བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལས་དོན་འཕེལ་རྒྱས་དང་བྱ་བའི་དགོས་མཁོར་དམིགས་ནས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ། གདན་ཞུའི་ལས་བྱེད་མི་སྣ་སྐོར་ཞིག་བསྡུ་རྒྱུ་ཡིན།

གཅིག སྙན་སྒྲོན་པ་དང་མདོ་འཛིན་པར་ཚང་དགོས་པའི་ཆ་རྐྱེན་ནི། ཆེད་སྦྱོང་དང་དེའི་ཡན་གྱི་སློབ་ཐོན་ལག་འཁྱེར་དགོས་ལ། རྒྱ་བོད་ཡིག་རིགས་གཉིས་ཀྱི་རྩོམ་འབྲིའི་ནུས་རྩལ་བཟང་ཞིང་སྨྲ་བརྗོད་དག་ལ་གཏམ་བཤད་ཀྱི་འཇོན་ཐང་ལྡན་དགོས་པར་མ་ཟད། སྐྱེས་གཟུགས་རིང་ལ་བྱད་བཞིན་ལེགས་དགོས་པ་དང་རང་ལོ་སུམ་ཅུའི་མན་ཡིན་དགོས།།

གཉིས། ལོ་ཙཱ་བར་ཚང་དགོས་པའི་ཆ་རྐྱེན་ནི། དངོས་གཞི་དང་དེའི་ཡན་གྱི་སློབ་ཐོན་ལག་འཁྱེར་དགོས་ལ། རྒྱ་བོད་ཡིག་རིགས་གཉི་ཀའི་ཆུ་ཚད་མཐོ་ཞིང་ལོ་ཙཱའི་ནུས་པ་ངེས་ཅན་ལྡན་དགོས་པ་དང་རང་ལོ་སུམ་ཅུའི་མན་ཡིན་དགོས།

གསུམ། ལས་རྐང་འདིའི་རྒྱུགས་ལེན་ལ་ཞུགས་འདོད་མཁན་ཚོས་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་སློབ་ཐོན་ལག་འཁྱེར། འབྲེལ་ཡོད་ཀྱི་ལག་རྟགས་གཞན་དག་དང་དེའི་བསྐྱར་དཔར། རང་ཉིད་ཀྱི་ལོ་རྒྱུས་རག་བསྡུས་བཅས་ཁྱེར་ཡོང་དགོས།

བཞི། མིང་ཐོ་འགོད་གནས་ནི། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་ཤུགས་ཐོན་ཁུངས་པུའུ་སྟེ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྲིད་འཛིན་དོ་དམ