ཟླ༣པའི་ཚེས༥ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱེད་ཡུལ་གྱི་འཆར་གཞི»ཞེས་པ་དངོས་སུ་འགྲེམ་སྤེལ་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མཚན་སྙན་དང་ཤན་ཤུགས་ཇེ་མཐོར་གཏོང་ཆེད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱེད་ཡུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ཡོངས་བསྒྲགས་ཀྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བཟོ་བཀོད་རྣམ་པའིlogoདང་དྲིལ་བསྒྲགས་བརྡ་ཡིག་བསྡུ་རྒྱུ་གཏན་འབེབས་བྱས།
གཅིག ནང་དོན།
གཙང་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚབ་མཚོནlogoདང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དྲིལ་བསྒྲགས་བརྡ་ཡིག
གཉིས། བསྡུ་རུབ་ཁྱབ་ཁོངས།
ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པའི་རྩ་འཛུགས་ཡོངས་དང་མི་སྒེར་གང་རུང་ཞུགས་ཆོག
གསུམ། དུས་ཚོད།
2016ལོའི་ཟླ5པའི་ཚེས1ནས2016ལོའི་ཟླ་6པའི་ཚེས20ཉིན་བར།
བཞི། གཙོ་སྒྲུབ་ལས་ཁུངས།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱེད་ཡུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་།
ལྔ། ཆ་རྐྱེན།
༼གཅིག༽ གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚབ་མཚོནlogo
1 ཚབ་མཚོནlogo དེར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱད་ཆོས་དང་གནད་ཐིག་འབུར་དུ་ཐོན་དགོས་པ་དང་། རྒྱལ་ཁབ་བདག་དབང་དང་། དམངས་ཡོངས་མཉམ་སྤྱོད། མི་རབས་རྒྱུད་འཛིན་བཅས་ཀྱི་གོ་དོན་འདུ་དགོས། བརྗོད་བྱ་འབུར་དུ་ཐོན་པ་དང་། བློ་བཀོད་གསར་བ། དཔེ་འབྱེད་ངོས་འཛིན་གྱི་ཚད་མཐོ་བ། ནང་དོན་ཟབ་པ། སྒྱུ་རྩལ་གྱི་ཉམས་དོད་པོ་དང་མཐོང་ཚོར་གྱི་སྐྱོམ་ཤུགས་དྲག་པོ་ལྡན་དགོས་ལ། ས་གནས་མང་པོ་དང་འདྲེན་དངོས་གང་རུང་དུ་ཁྱབ་སྤེལ་དང་བཀོལ་སྤྱོད་བྱེད་ཆོག་དགོས།
2 བརྩམས་ཆོས་ངེས་པར་དུ་སྦྲག་ཐོག་དང་ཡིག་ཟམ་གཉིས་ཀ་ནས་མཉམ་དུ་བསྐུར་དགོས། ཡིག་ཐོག་གི་བརྩམས་ཆོས་ཚང་མA4ཤོག་བུའི་ཚད་གཞི་ལྟར་ཐིག་རིས་འགོད་དགོས་པ་དང་། ཡིག་ཐུམ་གྱི་གཡས་ཟུར་དུ་ཚབ་མཚོན་བརྩམས་ཆོས་བསྡུ་རུབ་ཞེས་གསལ་འགོད་བྱེད་དགོས་ལ། གློག་རྡུལ་སྟེང་གི་བརྗོད་བྱར་ཚབ་མཚོན་བརྩམས་ཆོས་བསྡུ་རུབ་ཞེས་གསལ་འགོད་བྱེད་དགོས །
3 ཚབ་མཚོནlogoའདིར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཡིག་དང་དབྱིན་ཡིག་གི་དབྱིབས་མངོན་ཅི་ཐུབ་བྱ་དགོས་ལ། གློག་རྡུལ་པར་གཞིTIF དངJPGལམ་ནས་བསྐུར་དགོས། ཚད་ལྡན་གྱི་བསྡུར་ཚད་དང་ཁ་དོག་ལྡན་དགོས།
4 ཚབ་མཚོནlogo འདི་སྐུར་མཁན་གྱི་གསར་རྩོམ་དང་གཞན་དུ་མ་བཀོད་པའི་བརྩམས་ཆོས་ཡིན་དགོས།
5 གསར་རྩོམ་གྱི་དགོངས་འཆར་དང་ཇུས་འགོད་གསལ་བཤད་བསྡུས་པ་རེ་བརྩམས་ཆོས་དང་མཉམ་དུ་བསྐུར་དགོས།
6 གལ་ཏེ་བརྩམས་ཆོས་ལ་བྱ་དགའ་ཐོབ་ན། རྩོམ་པ་པོས་གཙོ་སྒྲུབ་ལས་ཁུངས་ལ་བརྩམས་ཆོས་ཀྱི་མ་ཡིག་མཁོ་སྤྲོད་བྱེད་དགོས།
༼གཉིས༽ གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དྲིལ་བསྒྲགས་བརྡ་ཡིག
དྲིལ་བསྒྲགས་བརྡ་ཡིག་ལ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱད་ཆོས་དང་གནད་ཐིག་འབུར་དུ་ཐོན་དགོས་པ་དང་། རྒྱལ་ཁབ་བདག་དབང་དང་། དམངས་ཡོངས་མཉམ་སྤྱོད། མི་རབས་རྒྱུད་འཛིན་བཅས་ཀྱི་གོ་དོན་འདུ་དགོས་ལ། ཚིག་སྦྱོར་བསྡུས་པོ་དང་ནང་དོན་ཟབ་པ། འདོན་བདེ་བ། མང་ཚོགས་ཀྱི་བསམ་ཚུལ་དང་མཐུན་པ། དྲིལ་བསྒྲགས་དང་ཁྱབ་སྤེལ་བྱེད་བདེ་བ་བཅས་ཡིན་དགོས། ཡི་གེ་གཙོ་བོ་རྒྱ་ཡིག་ཡིན་དགོས་པ་དང་། རྒྱ་ཡིག་དང་དབྱིན་ཡིག་མཉམ་འདྲེས་ཡིན་ན་ལྷག་ཏུ་བཟང་། ཡིག་འབྲུ༡༥ནང་ཡིན་དགོས་པ་དང་། དྲིལ་བསྒྲགས་བརྡ་ཡིག་སྦྲག་ཐོག་དང་ཡིག་ཟམ་གཉིས་ཀ་ནས་མཉམ་དུ་བསྐུར་དགོས། ཡིག་ཐུམ་གྱི་གཡས་ཟུར་དུ་དྲིལ་བསྒྲགས་བརྡ་ཡིག་བསྡུ་རུབ་ཞེས་གསལ་འགོད་བྱེད་དགོས་ལ། གློག་རྡུལ་འཕྲིན་ཡིག་སྟེང་གི་བརྗོད་བྱར་དྲིལ་བསྒྲགས་བརྡ་ཡིག་བསྡུ་རུབ་ཞེས་གསལ་འགོད་བྱེད་དགོས །
དྲུག བརྩམས་ཆོས་སྐུར་སྟངས།
འགྲན་ཞུགས་པ་ཡོངས་ཀྱིས་ངེས་པར་དུ་གཟབ་ནན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བཟོ་བཀོད་རྣམ་པ་དང་དྲིལ་བསྒྲགས་བརྡ་ཡིག་གི་བྱ་དགའ་ཡོད་པའི་རྩོམ་སྡུད་རེའུ་མིག༼གཤམ་ན་ཕབ་ལེན་བྱེད་གནས་ཡོད༽སྐོང་དགོས་པ་དང་། གལ་ཏེ་རེའུ་མིག་སྟེང་གི་ཆ་འཕྲིན་ཁ་ཚང་མིན་ན་བཏང་སྙོམས་སུ་བསྐྱུར་རྒྱུ་ཡིན་ལ། དཔྱད་བསྡུར་འདེམ་བསྐོ་དྲང་བདེན་ཡོང་ཆེད་འགྲན་ཞུགས་བརྩམས་ཆོས་སྟེང་མིང་དངོས་མ་དང་རྟགས་སོགས་བཀོལ་མི་ཆོག
རྩོམ་སྡུད་ལས་ཁུངས། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱེད་ཡུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་།
རྩོམ་བསྐུར་ཡིག་ཟམ། zgsjygjgy@163.com
འབྲེལ་གཏུག་བྱེད་ས།
ཅིན་ཧྲོ་ཡོན། ཁ་པར་ཨང་གྲངས། 0971 8112070
ཧྲི་ཅོན། ཁ་པར་ཨང་གྲངས། 0917 8482515
ས་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་ས་ཁུལ་ལྷོ་རིའི་ལམ116པ །
མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན།
སྦྲག་སྲིད་ཨང་གྲངས། 810007
བདུན། བྱ་དགའི་བྱེད་ཐབས།
༼གཅིག༽ གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚབ་མཚོནlogo
རིམ་པ་དང་པོའི་བྱ་དགའ1 བྱ་དགའི་མ་དངུལ་སྒོར50000ཡིན།
ཕུལ་བྱུང་བྱ་དགའ10 རེ་རེར་བྱ་དགའི་མ་དངུལ་སྒོར5000ཡིན།
༼གཉིས༽ དྲིལ་བསྒྲགས་བརྡ་ཡིག
རིམ་པ་དང་པོའི་བྱ་དགའ3 རེ་རེར་བྱ་དགའི་མ་དངུལ་སྒོར10000ཡིན།
རིམ་པ་གཉིས་པ་བྱ་དགའ5 རེ་རེར་བྱ་དགའི་མ་དངུལ་སྒོར5000ཡིན།
རིམ་པ་གསུམ་པའི་བྱ་དགའ10 རེ་རེར་བྱ་དགའི་མ་དངུལ་སྒོར5000ཡིན།
རེའུ་མིག་ཕབ་ལེན།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་བྱེད་ཡུལ་གྱི་ཐོ་འགོད་རེའུ་མིག
![]() |
三江源国家公园形象标志及宣传语有奖征集活动 报名表 (18.5 KB) |