མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་2016ལོའི་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་ལས་དོན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བསྡུ་བའི་ལག་བསྟར་འཆར་གཞི།
2016.06.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

 གཅིག ལས་མི་བསྡུ་བའི་ཚད་གཞི།
ཡོངས་གྲགས་སུ་སྤྱོད་ཡོན་གཉིས་ལྡན་གྱི་ལས་མི་བསྡུ་བའི་ཚད་གཞི་གཞིར་བཟུང་སྟེ། སྤྱི་བསྒྲགས་དང་། འདྲ་མཉམ། འགྲན་རྩོད། ལེགས་བདམས་ཀྱི་ཚད་གཞི་ལག་བསྟར་བྱ་རྒྱུ་ཡིན།
གཉིས། ལས་མི་བསྡུ་བའི་གོ་རིམ།
ཡོངས་གྲགས་སུ་དམིགས་བསལ་ལས་རྐང་གི་སྒྲིག་ལུགས་ནང་བཞིན་ལས་མི་དག་གཤམ་གྱི་གོ་རིམ་ལྟར་བསྡུ་ལེན་བྱ་རྒྱུ།
ལས་རྐང་གི་ཆ་རྐྱེན་སྤྱི་བསྒྲགས་བྱེད་པ་དང་། མིང་ཐོ་འགོད་པ། དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པ། དཔྱད་ཞིབ་བསྡུ་ལེན་བྱེད་པ། ཡུལ་དངོས་སུ་ཐོབ་ཐང་བསྐྱར་ཞིབ་བྱེད་པ། ལུས་པོར་བརྟག་དཔྱད། བསྡུ་རྩིས་ཡོད་པའི་ལས་མི་གཏན་འཁེལ་བྱེད་པ། སྤྱི་བསྒྲགས་བྱེད་པ། ལས་བསྐོས་བྱེད་པ་བཅས་ཡིན།
གསུམ། ལས་རྐང་།
བོད་སྐད་ཀྱི་སྙན་སྒྲོན་པ་དང་མདོ་འཛིན་པ་གསུམ་བསྡུ་རྒྱུ།
བཞི། ལས་མི་བསྡུ་བའི་དཔྱད་ཞིབ་བྱེད་སྟངས་དང་ནང་དོན།
༡ ལས་མི་བསྡུ་བའི་དཔྱད་ཞིབ་བྱེད་སྟངས།
1 ལས་མི་བསྡུ་བའི་དཔྱད་ཞིབ་ལ་ཡིག་རྒྱུགས་དང་ཁ་རྒྱུགས་གཉིས་ཡོད། བོད་སྐད་ཀྱི་སྙན་སྒྲོན་པ་དང་མདོ་འཛིན་པའི་ལས་རྐང་ལ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རྩ་འཛུགས་བྱས་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་འཇོན་ཐང་ཚད་ལེན་བྱེད་པ་དང་། རྒྱུགས་འབྲས་སྐར་60ཡན་ཚད་ལོངས་ཡིན། ཚད་ལེན་རྒྱུགས་སྐར་གྱིས་སྤྱིའི་རྒྱུགས་སྐར་གྱི་བརྒྱ་ཆའི་30ཟིན་པ་དང་། ཁ་རྒྱུགས་ཀྱི་སྐར་གྲངས་སྤྱིའི་རྒྱུགས་སྐར་གྱི་བརྒྱ་ཆའི་30ཟིན། ཁ་རྒྱུགས་བསྐྱར་ལེན་གྱི་སྐར་གྲངས་སྤྱིའི་རྒྱུགས་སྐར་གྱི་བརྒྱ་ཆའི་40ཟིན།
2 བོད་སྐད་ཀྱི་སྙན་སྒྲོན་པ་དང་མདོ་འཛིན་པའི་ལས་རྐང་གི་ཁ་རྒྱུགས་ལ་ཐོག་མའི་རྒྱུགས་ལེན་དང་བསྐྱར་རྒྱུགས་གཉིས་ཡོད། ཁ་རྒྱུགས་ཀྱི་ཐོག་མའི་རྒྱུགས་ལེན་གྱི་སྐར་གྲངས་ལས་བརྒྱ་ཆའི་30དང་ཡིག་རྒྱུགས་ཀྱི་སྐར་གྲངས་ལས་བརྒྱ་ཆའི་30རྩིས་ཏེ་སྐར་གྲངས་མཐོ་ནས་དམའ་རུ་1:6གི་བསྡུར་ཚད་ལས་ཁ་རྒྱུགས་བསྐྱར་ལེན་ལ་ཞུགས་དགོས།
ལས་མི་བསྡུ་ལེན་གཏན་འཁེལ་བྱེད་སྐབས་སྤྱིའི་སྐར་གྲངས་མཉམ་པ་ཡོད་ན་ལས་རྐང་གི་ཆ་རྐྱེན་ལྟར་དམིགས་སུ་བཀར་ནས་གཏན་འཁེལ་བྱ་རྒྱུ། དེ་ལྟར་གཏན་འཁེལ་བྱེད་མ་ཐུབ་ན་ཡིག་རྒྱུགས་དང་ཁ་རྒྱུགས་ཀྱི་བསྐྱར་རྒྱུགས་སྐར་གྲངས་ཀྱི་མཐོ་དམའ་ལྟར་གཏན་འབེབས་བྱ་རྒྱུ།
༢ དཔྱད་ཞིབ་ནང་དོན།
རྒྱ་བོད་ཡིག་རིགས་གཉིས་ཀྱི་འཇོན་ཐང་དང་། ཡིག་སྒྱུར་ནུས་པར་དཔྱད་ཞིབ། ཡིག་རྒྱུགས་ཀྱི་ནང་དོན་ལས་རྐང་དང་མཐུན་པའི་ཆེད་ལས་ཤེས་བྱ་དང་ལག་རྩལ་དཔྱད་ཞིབ་བྱེད་པ། ཁ་རྒྱུགས་ལ་ལས་སྒོའི་ཤེས་བྱའི་དྲིས་ལན་དང་། དངོས་ཀྱི་ལག་ལེན་མཉམ་འདྲེས་ཀྱི་བྱེད་སྟངས་ལྟར་སྤེལ་རྒྱུ།
༣ དཔྱད་ཞིབ་དུས་ཚོད།
རྒྱ་བོད་ཡིག་རིགས་གཉིས་ཀྱི་འཇོན་ཐང་གི་དཔྱད་ཞིབ་ཟླ6པའི་ཚེས་17ཉིན་བྱེད་རྒྱུ་ཡིན་ལ། རྒྱུགས་ཞུགས་པ་དག་གིས་ཐོབ་ཐང་ལག་ཁྱེར་དང་རྒྱུགས་ཞུགས་དཔང་ཡིག་འཛིན་དགོས།
ཡིག་རྒྱུགས་དང་ཁ་རྒྱུགས་ཀྱི་ཐོག་མའི་རྒྱུགས་ཟླ་6པའི་ཚེས་24ཉིན་ལེན་རྒྱུ་ཡིན། ཁ་རྒྱུགས་ཀྱི་བསྐྱར་རྒྱུགས་ཟླ6པའི་ཚེས་26ཉིན་ལེན་རྒྱུ་ཡིན། ཞིབ་ཕྲའི་དུས་ཚོད་རྒྱུགས་ཞུགས་དཔང་ཡིག་ལྟར་ཡིན། མིང་ཐོ་འགོད་མཁན་དག་གིས་ཟླ6པའི་ཚེས13དང་། 14ཉིན། 15ཉིན་བཅས་ལ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མི་ཤུགས་ཐོན་ཁུངས་དོ་དམ་པུའུ་ནས་རྒྱུགས་ཞུགས་དཔང་ཡིག་ལེན་དགོས། དཔྱད་ཞིབ་ཀྱི་འབྲེལ་ཡོད་གནས་ཚུལ་གཞན་དག་མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་ཚིགསhttp://www.qhbtv.comསྟེང་བསྒྲགས་རྒྱུ་ཡིན།
བཅུ་གཅིག དཔྱད་ཞིབ་ལྟ་སྐུལ། ཡུལ་ངོས་ཐོབ་ཐང་བསྐྱར་ཞིབ།
རྒྱུགས་སྤྲོད་སློབ་མའི་དཔྱད་ཞིབ་ཚད་ལེན་ཚོད་ལྟ་བྱས་རྗེས། ལུས་ཕུངས་བརྟག་དཔྱད་ལ་ཞུགས་པར་གཏན་འཁེལ་བྱས། དུས་ཚོད་གཏན་འཁེལ་ལྟར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་ཤུགས་ཐོན་ཁུངས་དང་བདེ་འཇགས་སྲུང་སྐྱོབ་པུའུ་ཡིས་ཐོབ་ཐང་བསྐྱར་ཞིབ་བྱེད་དགོས་པ་དང་ཆབས་ཅིག་གཤམ་གྱི་རྒྱུ་ཆ་དག་ཚང་དགོས།
1 རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་མ་ཡིག་དང་བསྐྱར་དཔར་གཅིག།
2 ཆེད་སྦྱོང་དང་དངོས་གཞིའི་མཐར་ཕྱིན་འཛིན་ཡིག ། བསླབ་གནས་ལག་འཁྱེར་བཅས་ཀྱི་མ་ཡིག་དང་བསྐྱར་དཔར་གཅིག།
3 ལས་གནས་ཀྱི་གཏན་འཁེལ་ལྟར་འབྲེལ་ཡོད་ཀྱི་ཐོབ་ཐང་དཔང་ཡིག། ཁྱིམ་ཐོ་དཔང་ཡིག རྒྱུགས་སྤྲོད་དཔང་ཡིག་བཅས་ཀྱི་མ་ཡིག་དང་བསྐྱར་དཔར་གཅིག།
4 ལས་རྐང་སུ་ཡོད་པའི་ལས་བྱེད་མི་སྣའི་2016ལོའི་ཟླ4བའི་ཚེས30སྔོན་ན་རང་ཉིད་ལས་ཁུངས་ཀྱི་འཐད་པའི་སྙན་ཞུས་ཡིག་ཐོག་དཔང་ཡིག་འབྲི་དགོས།
5 གོང་གི་རྒྱུ་ཆ་དག་དུས་ལྟར་མཁོ་སྤྲོད་བྱེད་མི་ཐུབ་པ་དང་། ཐོབ་ཐང་བསྐྱར་ཞིབ་རིམ་པའི་ནང་མ་ཞུགས་པའམ་ལག་འཁྱེར་ཚོད་ལྟས་ར་སྤྲོད་མི་མཐུན་པ་རྣམས་མེད་པར་བཟོ་རྒྱུ།
བདུན། ལུས་ཕུང་བརྟག་དཔྱད་ཀྱི་ཚུལ།
1 ལུས་ཕུང་བརྟག་དཔྱད་ཀྱི་མི་སྣ་གཏན་འཁེལ། རྒྱུགས་སྤྲོད་མི་སྣའི་སྐར་གྲངས་ལྟར། ཐོབ་ཐང་བསྐྱར་ཞིབ་ཚད་མཐུན་རྣམས་ལ་བརྒྱུད་ནས་ལུས་ཕུང་བརྟག་དཔྱད་མི་སྣ་གཏན་འཁེལ་བྱས། ལུས་ཕུང་བརྟག་དཔྱད་མི་སྣའི་མིང་ཐོ་དང་མཇུག་མཐའི་སྡོམ་སྐར་མཉམ་དུ་ཁྱབ་བསྒྲགས་བྱ་རྒྱུ། ལུས་ཕུང་བརྟག་དཔྱད་མི་སྣའི་འགྲོ་གྲོན་རྒྱུགས་སྤྲོད་མི་སྣ་རང་ཉིད་ཀྱིས་འགན་འཁུར་དགོས། ལུས་ཕུང་བརྟག་དཔྱད་ལ་ཞུགས་པའི་མི་སྣས་ཉེ་ལམ་བླངས་པའི་འདྲ་པར(小二寸)གཅིག དེ་དང་མཉམ་དུ་དུས་ཚོད་ལྟར་གཏན་འཁེལ་ས་གནས་སུ་ལུས་ཕུང་བརྟག་དཔྱད་བྱེད་དགོས། དུས་ལྟར་མ་ཐོན་པ་རྣམས་ཕྱིར་འཐེན་བྱ་རྒྱུ། རང་འགུལ་གྱིས་འདོར་བ་རྣམས་དང་ཡང་ན་ལུས་ཕུང་བརྟག་དཔྱད་ཚད་གཞི་མ་ལོངས་པར་བསྡུ་ལེན་མི་གྲངས་ཆད་ལྷག་བྱུང་བ་རྣམས་ཁྱོམ་བསྡོམས་སྐར་གྲངས་ལ་བལྟས་ནས་རིམ་པ་ལྟར་ཁ་སྐོང་རྒྱུ། ཁ་སྐོང་བྱེད་པའི་མི་སྣའི་ཁྱོམ་བསྡོམས་སྐར་གྲངས60ཡན་ཆད་ཡིན་དགོས།
2 ལུས་ཕུང་བརྟག་དཔྱད་ཀྱི་ཚད་གཞི།
ལུས་ཕུང་བརྟག་དཔྱད་ཀྱི་བྱ་བ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མཉམ་དུ་རྩ་འཛུགས་བྱས་པའི་ཚད་རིམ་གཉིས་པའི་རིམ་པ་དང་པོ་ཡན་ཆད་ཀྱི་ཕྱོགས་བསྡུས་ཅན་གྱི་སྨན་ཁང་དུ་བརྟག་དཔྱད་བྱེད་དགོས། ཐོག་མའི་གཏན་འཁེལ་ནང་བཞིན་ཚད་ལྡན་མིན་པ་རྣམས་རང་ཉིད་ཀྱི་རེ་ཞུ་ལྟར། ཚད་ལྡན་གྱི་སྨན་ཁང་གཞན་པར་སོང་ནས་བསྐྱར་ཞིབ་ཐེངས་གཅིག་བྱེད་དགོས། ལུས་ཕུང་བརྟག་དཔྱད་མི་སྣའི་ལུས་ཕུང་བརྟག་དཔྱད་ཀྱི་གོ་རིམ་ཁྲོད། རང་ཉིད་ལ་ནད་ཡོད་པའམ་ནད་རྟགས་སྦ་གསང་བྱས་ན་ལས་བྱེད་བསྡུ་ལེན་གྱི་ཐོབ་ཐང་མེད་པར་བཟོ་རྒྱུ།
བརྒྱད། རྟོག་ཞིབ་བྱ་བའི་ཚུལ།
ལུས་ཕུང་བརྟག་དཔྱད་བྱས་པའི་ཚད་ལྡན་མི་སྣ་རྣམས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བསམ་བློའི་སྤྱོད་ཚུལ་ངོ་བོ། སྒྲིགས་ཁྲིམས་བརྩི་སྲུང་། ཀུན་སྤྱོད་སྤུས་ཀའི་བློ་སྦྱོང་། ཕྱོགས་སྡོམ་སྣང་ཚུལ་སོགས་ལ་ནན་གྱིས་རྟོག་ཞིབ་བྱ་རྒྱུ། སྔོན་ཆད་ཁྲིམས་དང་འགལ་བའི་ཟིན་ཐོ་ཡོད་ཚེ་བཅའ་ཁྲིམས་ལྟར་ལས་བྱེད་བསྡུ་ལེན་གྱི་ཐོབ་ཐང་ཕྱིར་འཐེན་བྱ་རྒྱུ། ཚད་གཞི་མ་ལོངས་པར་བསྡུ་ལེན་མི་གྲངས་ཆད་ལྷག་བྱུང་བ་རྣམས་ཁྱོམ་བསྡོམས་སྐར་གྲངས་ལ་བལྟས་ནས་རིམ་པ་ལྟར་ཁ་སྐོང་རྒྱུ།
དགུ། ཁྱབ་བསྒྲགས།
ལུས་ཕུང་བརྟག་དཔྱད་དང་རྟོག་ཞིབ་ཚད་ལྡན་མི་སྣ་རྣམས། མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་ངོས( http://www.qhbtv.com)ནས་ཉིན་བདུན་ལ་ཁྱབ་བསྒྲགས་བྱ་རྒྱུ།
བཅུ། ལས་བྱེད་མི་སྣ་བསྡུ་ལེན་གྱི་འགྲོ་ལུགས་འགྲིམ་པ།
ལས་བྱེད་མི་སྣའི་བསྡུ་ལེན་མིང་ཐོ་གཏན་འཁེལ་བྱས་ཚེ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐེན་ནས་ལས་བྱེད་མི་སྣ་བསྡུ་ལེན་གྱི་འགྲོ་ལུགས་འགྲིམ་དགོས། ལས་ཞུགས་མི་སྣ་ལས་དོན་ལས་ཁུངས་ཀྱི་དོ་དམ་ནང་ཁུལ་དུ་རྒྱལ་ཁབ་ཀྱི་གཏན་འབེབས་གླ་ཕོགས་དང་ཕན་བདེའི་འབབ་ཡོང་ལོངས་སྤྱོད་བྱེད་ཐུབ། གསར་དུ་བསྡུ་ལེན་བྱས་པའི་ལས་བྱེད་མི་སྣའི་འབྲེལ་ཡོད་ཀྱི་ཐག་བཅད་ལྟར་ལོ་གཅིག་གི་ཚོད་ལྟའི་རིམ་པ་བརྒྱུད་དགོས།
བསྡུ་ལེན་བྱས་པའི་ལས་བྱེད་མི་སྣའི་གཤམ་གྱི་རྒྱུ་ཆ་དག་མཁོ་སྤྲོད་བྱེད་དགོས།
1 ལས་རྐང་དུ་ཡོད་པའི་ལས་བྱེད་མི་སྣའི་ལས་སྤོར་རྒྱུ་ཆ་དང་སྔོན་གྱི་ལས་ཁུངས་གི་ཆོག་མཆན་ཐོབ་པའི་ལས་སྤོར་དཔང་ཡིག་དང་ལས་གནས་ནས་བུད་པའི་གན་རྒྱ་འཁྱེར་ཡོང་དགོས།
2 མཐར་ཕྱིན་རྗེས་བྱ་བ་མ་རག་པའི་ཆེད་སྦྱོང་སློབ་ཆེན་པ་དང་ཉིན་རེའི་ལམ་ལུགས་ཀྱི་མཐར་ཕྱིན་སློབ་མས་སློབ་གསོའི་སྲིད་དོན་པུའུ་ཡིས་འདོན་སྤྲོད་བྱས་པའི་༼མིང་ཐོ་འགོད་ཡིག༽མཁོ་སྤྲོད་བྱེད་དགོས།
3 2016ལོའི་མཐར་ཕྱིན་སློབ་མས་2016ལོའི་ཟླ7པའི་ཚེས30སྔོན་ལ་མཐར་ཕྱིན་འཛིན་ཡིག་དང་བསླབ་གནས་ལག་འཁྱེར། ལས་ཞུགས་འཛིན་ཡིག་དང་སློབ་གྲྭའི་འདོན་སྤྲོད་བྱས་པའི་༼མཐར་ཕྱིན་སློབ་མའི་མཚམས་སྦྱོར་རེའུ་མིག༽དང་། རང་ཉིད་ཀྱི་བསླབ་གནས་ཡིག་ཚག་མཁོ་སྤྲོད་བྱེད་དགོས། གོང་གི་ཆ་རྐྱེན་དག་དུས་ཚོད་ལྟར་མཁོ་སྤྲོད་བྱེད་མི་ཐུབ་པ་རྣམས་ལ་ལས་ཞུགས་ཀྱི་ཐོབ་ཐང་མེད། ཕྱི་ཁ་ཕྱོགས་ཏེ་ལས་བྱེད་མི་སྣ་བསྡུ་བའི་ལྟ་སྐུལ་ཚོགས་པ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཞིབ་དཔྱད་རྩིས་བཤེར་ཁང་གིས་ལས་བྱེད་མི་སྣ་བསྡུ་བའི་འགྲོ་ལམ་ཧྲིལ་བོ་ལྟ་སྐུལ་བྱེད་དགོས། ལྟ་སྐུལ་ཁ་པར། 0971-6329054
བཅུ་གཉིས། བྱ་བའི་ཆ་རྐྱེན།
1 ཟུར་བྱོལ་ལམ་ལུགས་གཟབ་ནན་བྱེད་དགོས། ཟུར་བྱོལ་གནས་ཚུལ་སྦ་གསང་བྱས་མི་ཆོག རྒྱུགས་དང་འབྲེལ་བའི་འདྲ་མཉམ་དང་དྲང་གཞག་ལ་གནོད་པ་བྱེད་པར་འགོག་དགོས། ཟུར་བྱོལ་གནས་ཚུལ་ནི། ལས་ཁུངས་ཀྱི་འགན་ཡོད་མི་སྣ་དང་འབྲེལ་བའི་བཟའ་ཚང་དང་ཉེ་འབྲེལ། མི་རབས་གསུམ་གྱི་ཤ་ཉེ་འབྲེལ་ཡོད་པ། གཉེན་ཉེ་འབྲེལ་བ་ཡོད་པ་སོགས་ཡིན།
2 ལས་ཁུངས་མི་སྣས་གཟབ་ནན་གྱིས་གཏན་འཁེལ་བྱས་པའི་གོ་རིམ་ལྟར་ལས་བྱེད་མི་སྣ་བསྡུ་དགོས། ལས་བྱེད་མི་སྣ་བསྡུ་བར་ཡོངས་ཁྱབ། འདྲ་མཉམ། དྲང་གཞག གལ་ཏེ་སྒྲིག་ལམ་འདི་དག་དང་འགལ་ན་འགན་ཡོད་མི་སྣར་རྩད་གཅོད་བྱེད་ངེས།
3 རྒྱུགས་ཤོག་ཕུད་མཁན། རྒྱུགས་དཔོན་མི་སྣ་གཏན་འཁེལ་སོགས་སྒྲིག་ལམ་དང་འགལ་ན་ཐག་གཅོད་ནན་མོ་བྱེད་པར་མ་ཟད་རྩད་གཅོད་ནན་མོ་བྱེད་ངེས།
4 མི་སྣ་བསྡུ་བའི་ལས་བྱེད་པའི་ངན་སྐུལ་བྱེད་པ། རྒྱ་ཡན་དུ་གཏོང་བ། ཡང་ན་རྒྱུགས་ལེན་པའི་གོ་རིམ་ཁྲོད་གཡོ་ལས་བྱེད་པ། རྒྱུགས་ཤོག་ནང་དོན་བསམ་གཟས་ནས་ཕྱི་ཤོར་དུ་འཇུག་པ། ལས་དོན་དང་འབྲེལ་བའི་རྒྱུགས་ལེན་སྒྲིག་ལམ་འགལ་ན་ཐག་གཅོད་ནན་མོ་བྱེད་པ་དང་ནག་ཉེས་བཟོས་ན་ཁྲིམས་ལྟར་ཐག་གཅོད་བྱེད་ངེས།
5 རྒྱུགས་ལེན་པའི་གོ་རིམ་ཆ་ཚང་སྒྲ་ལེན་རྒྱུ་ཡིན་།
1 ཚད་ལྡན་དཔྱད་ཞིབ་རྒྱུགས་ལེན་གྱི་གོ་རིམ་ཡོངས་བརྒྱུད་དགོས། རྒྱུགས་ལེན་པའི་གོ་རིམ་ཁྲོད་སྒྲིག་ལམ་དང་འགལ་བའམ་ཆ་རྐྱེན་རྫུན་མ་བཟོས་པ། རྒྱུགས་ལེན་པའི་ཆ་རྐྱེན་དང་མི་འཚམ་པ་སོགས་ཐོབ་ཐང་མེད་པར་བཟོ་རྒྱུ།
2 རྒྱུགས་ཞུགས་མི་སྣས་ལག་འཁྱེར་ཐོབ་ཐང་དང་རྒྱུགས་སྤྲོད་དཔང་ཡིག་ངེས་པར་དུ་འཛིན་དགོས། དཔང་ཡིག་དག་མེད་ན་རྒྱུགས་ལ་ཞུགས་མི་ཆོག
3 རྒྱུགས་འབྲས་དང་འབྲེལ་ཡོད་གནས་ཚུལ་དག་མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་ཐོག་ཏུ་འགོད་རྒྱུ། (http://www.qhbtv.com)རྒྱུགས་ལེན་མི་སྣས་དུས་ལྟར་གོང་གི་ཆ་འཕྲིན་ལ་གཟིགས་རོགས། འབྲེལ་གཏུགས་ཁ་པར། 0971-6329305 6329307
                                                                                                                                                                                                    ས་གནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྲིད་འཛིན་དོ་དམ་ཐོག་ཁང་གི་6ཐོག
                                                                                                                                                                                     མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མི་ཤུགས་ཐོན་ཁུངས་དོ་དམ་པུའུ་དང་བདེ་འཇགས་འགན་སྲུང་པུའུ།
                                                                                                                                                                                                                      སྤྱི་ལོ་2016ལོའི་ཟླ་6 པའི་ཚེས6 ཉིན།