མྱུར་བརྡ་གལ་ཆེན།
2016.06.15 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 0
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས2016ལོར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་བསྡུ་བའི་ལས་དོན་སྒྲིག་གཞིའི་ལས་བྱེད་མི་སྣར་རྒྱུགས་སྤྲོད་མཁན་དག་གིས།  (  རྒྱང་སྒྲོག་བརྙན་འཕྲིན་བཟོ་བཀོད། སྒྲའི་ལག་རྩལ། གློག་འོད་གར་སྟེགས་ཇུས་འགོད། རྒྱ་སྐད་མདོ་འཛིན་པ། བོད་སྐད་མདོ་འཛིན་པའི་ལས་གནས།  )2016ལོའི་ཟླ6པའི་ཚེས16ཉིན་གྱི་ཆུ་ཚོད18:00ཡར་སྔོན་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སྲིད་འཛིན་དོ་དམ་ལྟེ་གནས་ཀྱི་དྲུག་ཐོག་ཏུ་རྒྱུགས་སྤྲོད་དཔང་ཡིག་ལེན་དུ་ཡོང་དགོས།(ལིན་ཧུའུ་ལམ་ཨང27པ། ཞིང་ཆེན་ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས་ཀྱི་ནུབ་གཞོགས། )དུས་འགྱངས་ཤོར་ནས་དཔང་ཡིག་ལེན་མ་ཐུབ་ཚེ། ཚབ་ལེན་བྱེད་དུ་མི་འཇུག་ལ་རྒྱུགས་སྤྲོད་དབང་ཆའང་རྩིས་མེད་དུ་གཏོང་རྒྱུ་ཡིན།
འབྲེལ་གཏུག་ཁ་པར། 0971-6329307  6329305
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་ཤུགས་ཐོན་ཁུངས་དང་བདེ་འཇགས་བདེ་སྲུང་པུའུ།
2016ལོའི་ཟླ6པའི་ཚེས15ཉིན།