རི་ཆུའི་མཛེས་པ་གཅིག་ཏུ་བསྡུས་པའི་གནས། མེས་རྒྱལ་འཕེལ་རྒྱས་ཀ་གདུང་སྐྱོང་བའི་ཡུལ།
2016.09.23 ཁུངས། ཀློག་གྲངས། 0

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ༼སྔར་གྱི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ༽བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ།

DSC_0034.jpg

མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་དང་པོས་ལོ་ངོ་དྲུག་ཅུའི་ཀྱག་ཀྱོག་གི་ལོ་ཟླའི་ནང་དུ་མི་ཉམས་པའི་སྙིང་སྟོབས་མུ་ནས་མུ་རུ་སྤེལ་ཏེ་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ཤིང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བཟུང་སློབ་གྲྭ་མགྱོགས་མྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ལམ་དུ་བསྐྱོད་མགོ་བརྩམས། ལྷག་པར་རང་སྐྱོང་ཁུལ་གྱི་སློབ་གསོའི་སྒྲིག་གཞིར་བསྒྱུར་བཀོད་བྱས་པ་ནས་བཟུང་སློབ་གསོ་སློབ་ཁྲིད་སྒྲིག་གཞི་ལ་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་མོ་བྱས་པས། ལས་རིགས་སོ་སོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་ཞིང་ལོ་ངོ་དྲུག་ཅུའི་རིང་ལ་རིག་གནས་ཀྱི་རྒྱུན་བཟང་བསྐྱངས་ཤིང་མཚར་སྡུག་རྣམ་པར་བཀྲ་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེ་གསར་དུ་བསྐྲུན།

DSC_0042.jpg

DSC_0580.jpg

ལོ་ངོ་དྲུག་ཅུའི་རིང་སློབ་གྲྭ་འདི་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་བྱ་བའི་སྔོན་ཐོན་ཐུན་མོང་དང་། མཚོ་སྔོན་ཞིང་ཆེན་གྱི་དཔལ་ཡོན་སྡེ་ཁག མཚོ་ལྷོ་ཁུལ་གྱི་དཔལ་ཡོན་སྡེ་ཁག མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་གྲགས་ཅན། རྒྱལ་ཡོངས་མི་རིགས་ཁག་གི་ན་གཞོན་མཐུན་སྒྲིལ་འཕེལ་རྒྱས་སྔོན་ཐོན་ཐུན་མོང་། རྒྱལ་ཡོངས་སྔོན་ཐོན་འཛིན་གྲྭ་ཐུན་མོང་། རྒྱལ་ཡོངས་སློབ་གསོ་མ་ལག་གི་སྔོན་ཐོན་ཐུན་མོང་སོགས་སུ་བདམས་མྱོང་བ་དང་། 2011ལོ་ནས2016ལོའི་བར་གྱི་ལོ་དྲུག་གི་རིང་ལ་བསྟུད་མར་མཚོ་ལྷོ་ཁུལ་གྱི་ཕུལ་བྱུང་སློབ་གྲྭར་བདམས་པ་སོགས་གཟི་བརྗིད་མཚན་སྙན་བརྒྱ་ལྷག་བླངས།

DSC_0608.jpg

དཔེ་ཀློག་ལ་འབད་བཞིན་པའི་སློབ་བུ།数学老师杨丽与学生交流.jpg

数学老师杨丽与学生交流.jpg

རྩིས་རིག་གི་དོག་གནས་སེལ་བཞིན་པ།

生物老师杨晖在辅导植物生长规律.jpg

སྐྱེ་དངོས་སློབ་ཁྲིད་བྱེད་བཞིན་པ།

ལོ་ངོ་དྲུག་ཅུའི་འཕེལ་རིམ་ཁྲོད་སློབ་གྲྭས་སློབ་སྒྲུབ་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཏེ། གཡུར་དུ་ཟ་བའི་འབྲས་བཟང་བླངས་པ་དང་། ཁྱོན་བསྡོམས་དགེ་འོས་སློབ་མ་དང་སློབ་ཆུང་གི་སློབ་གཙོ། དགེ་རྒན་སོགས10112གསོ་སྐྱོང་བྱས་ཤིང་། མཐོ་འབྲིང་སློབ་མ8739དང་། མཐོ་རིམ་སློབ་གླིང་ལ་ཤེས་ལྡན་པ5693ལྷག་བསྐྱལ་མྱོང་ལ། མཐར་ཕྱིན་སློབ་མ་མང་ཤོས་ཀྱིས་རིག་གཞུང་ཞིབ་འཇུག་ཁྲོད་ཧུར་ཐག་དོན་གཉེར་བྱས་ཏེ་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་བླངས་ཡོད་པ་མ་ཟད། རང་རང་སོ་སོའི་ལས་གནས་སྟེང་མཚན་སྙན་ཧ་ཅང་ཆེན་པོ་བླངས་ཡོད། མཐར་ཕྱིན་སློབ་མ་ཁ་ཤས་ཀྱིས་ཆེད་ལས་ལག་རྩལ་ལ་འབད་ནས་གསར་གཏོད་ཀྱི་བྱ་བ་དོན་གཉེར་མཛད་དེ་ཆེད་ལས་དེ་གའི་སྣེ་ཁྲིད་མི་སྣར་གྱུར་ཡོད། ལ་ལ་མགོ་ཁྲིད་ཀྱི་ལས་གནས་སྟེང་ཕྱིན་ཡོད་པ་རེད། ཁོ་ཚོས་མཚོན་པའི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དགེ་སློབ་ཡོངས་ཀྱིས་མཚོ་ལྷོའི་མི་རིགས་སློབ་གསོའི་ལས་དོན་མདུན་དུ་འཕེལ་བར་ནམ་ཡང་སྣེ་ཁྲིད་བྱེད་ཀྱིན་ཡོད་པ་དང་། སྤྱི་ཚོགས་ཀྱི་ལས་གནས་སོ་སོར་བྱས་རྗེས་གལ་ཆེན་བཞག་ནས་མ་ཡུམ་སློབ་གྲྭར་གཟི་བརྗིད་བསྣན་ཡོད་པ་རེད། ཉེ་བའི་ལོ་འགའི་ནང་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་བསྟུད་མར་ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་སྤྲོད་པའི་ཁྲོད་རྩེ་གྲས་ཟིན་ཡོད།

DSC_0043.jpg

སློབ་ལ་འབད་པའི་སྐལ་ལྡན་སློབ་བུའི་ཚོགས།

DSC_0057.jpg

ལུས་རྩལ་སྦྱོང་བརྡར།

ལོ་ངོ་དྲུག་ཅུའི་ཧུར་བརྩོན་འབད་འཐབ་ཀྱི་འབྲས་བུ་དང་། མི་རབས་དུ་མའི་སློབ་མའི་སེམས་ཤུགས་ཉམས་མེད་ཀྱི་འབད་འབུངས་ལ་བརྟེན་ནས་སློབ་གྲྭ་མུ་ནས་མུ་རུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ད་ལྟ་སློབ་རྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ117145.73ཡོད་པ་དང་། ས་མུའུ་228.5ཡོད་ལ། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་42387ཡོད་པ་རེད། དཔེ་དེབ་རྒྱུ་ཆ་ཁྲི9.5ལྷག་ཡོད་དང་རིགས་ལ16600ཡོད། ཚགས་པར་མི་འདྲ་བ་རིགས45དང་དུས་དེབ་130ཡོད། དངོས་ཁམས་རིག་པ་དང་རྫས་འགྱུར་རིག་པའི་སློབ་མའི་ཀུན་སྤྱོད་ལག་རྩལ་དང་། འཕྲུལ་ཆས་ཀྱི་མི། ཨང་གྲངས་ཅན་ཚོད་ལྟ་བསྡོམས་པས27ཡོད། རྩིས་འཁོར་སློབ་ཁང3དང་། སྨྱན་མང་དྲ་རྒྱའི་སློབ་ཁང59ཡོད་པ་རེད། རྩིས་འཁོར་21ཅན་གྱི་གློག་རྡུལ་སློབ་ཁྲིད་གྲ་སྒྲིག་ཁང1དང་། རོལ་མོ། ཞབས་བྲོ། རི་མོ། སྐད་གདངས་སོགས་ཀྱི་སློབ་ཁང་སོ་སོར1རེ། གཡོས་སྦྱོར་ཁང6དང་ནུས་མང་ཟ་ཁང4། ཁྲུས་ཁང་དང་ལྭ་བ་བཀྲུ་ས1རེ་ཡོད་ལ་ཉི་ནུས་ཀྱི་ཁྲུས་བྱེད་མ་ལག་བཙུགས་ཡོད། སྨི400ཅན་གྱི་ཚད་ལྡན་རྒྱུག་ལམ་དང་། མིས་བཟོས་རྐང་རྩེད་སྤོ་ལོའི་ར་བ་དང་གཟེབ་སྤོ། ཕེ་ཆི་སྤོ་ལོ། བྱ་སྒྲོའི་སྤོ་ལོའི་ར་བ་སོགས་སྣ་འཛོམས་ལུས་སྦྱོང་ར་བ་བསྐྲུན་ཡོད། སློབ་གྲྭར་ད་ཡོད་དགེ་བཟོ་བ233དང་། ཆེད་ལས་མི་སྣ་222ཡོད། དེའི་ནང་འབུམ་རམས་པ6དང་། རབ་འབྱམས་པ34ཡོད་ལ། སློབ་མ2600 དང་འཛིན་གྲྭ48ཡོད། ད་ལྟའི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དགེ་རྒན་གྱི་དཔུང་སྡེ་མཐུག་ལ་སློབ་སྒྲུབ་ཀྱི་སྒྲིག་ཆས་ཆ་ཚང་བ་དང་། སློབ་ཁྲིད་སྒྲིག་ཆས་སྔོན་ཐོན་ཡིན་པ། སློབ་གསོའི་དོ་དམ་གཟབ་ནན་ཡིན་པ། སློབ་ཁྲིད་རྒྱུ་སྤུས་མཐོ་བ་སོགས་ཀྱི་ཐད་ནས་ཞིང་ཆེན་ཕྱི་ནང་ཀུན་དུ་སྙན་པའི་གྲགས་པ་རྒྱས་ཡོད།

7、2016年3月30日 举行“携手共建,唱响民族团结进步发展主旋律”文艺演出.jpg

རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

15、2015年9月19日  迎新生“一路阳光”文艺演出.jpg

རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

学生广播体操比赛.jpg

ལུས་རྩལ་སྦྱོང་བརྡར་བྱེད་བཞིན་པ།

ལོ་ངོ་དྲུག་ཅུའི་དགའ་སྟོན་ནི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་མཚོན་ན་དཀྱོག་མཚམས་གསར་བ་ཞིག་ཡིན་ལ། འདིས་རང་སྐྱོང་ཁུལ་གྱི་སྒོ་འབྱེད་ཁོད་ཡངས་ཀྱི་བློ་སྤོབས་དང་ཤེས་རྒྱ་མཚོན་ཡོད་པར་མ་ཟད། མཚོ་ལྷོ་བས་བཅོས་སྒྱུར་གསར་གཏོད་ཀྱི་དཔའ་ཉམས་དང་སྙིང་སྟོབས་ཀྱང་མཚོན་ཡོད་པ་རེད། སློབ་གྲྭས་ཀུན་སྤྱོད་སློབ་གསོ་སྣེ་ཁྲིད་དང་། སློབ་ཁྲིད་དཀྱིལ་སྙིང་། རྒྱུ་སྤུས་ཚེ་སྲོག་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཤེས་རིག་དང་མཛའ་བརྩེས་སློབ་མ་རེ་རེར་ཐུགས་ཁུར་དང་བྱམས་སྐྱོང་མཛད་ནས། བོད་ཁུལ་གྱི་སློབ་མ་རྣམས་ཡིད་ཆེས་ཀྱིས་ཁེངས་ནས་མ་འོངས་པར་བསྐྱོད་པ་དང་། གསར་གཏོད་ཀྱི་བློ་སྤོབས་ཀྱིས་བོད་ཁུལ་གྱི་ཚད་རིམ་དང་པོའི་མི་རིགས་སློབ་འབྲིང་དུ་འགྱུར་བར་རེ་སྙེག་བྱེད་བཞིན་པ་དེའོ། །

 

 

སློབ་རའི་འགྱུར་ཁུགས།

ཚིག ཆབ་འགག་རྡོ་རྗེ་ཚེ་རིང་།

དབྱངས། འཇམ་བྷེ།

ལེན་མཁན། རིག་འཛིན་སྒྲོལ་མ།