སྤུས་ལེགས་བོད་ཡིག་ཀུན་བཏུས་འཕྲིན་སྦྱོར་གསར་དུ་བཏོན།།རིམ་འཕར་ཁམས་པའི་བརྙན་འཕྲིན་དྲ་བ་ཤར་གཏོང་བྱ།།
2016.10.12 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 0

བོད་ཀྱི་ཀུན་གསལ་མེ་ལོང་། ཁམས་པའི་བརྙན་འཕྲིན་དྲ་བས་ཁྱད་ཆོས་འབུར་དུ་ཐོན་ཞིང་ཆེད་ལས་རང་བཞིན་ལྡན་པ། སྔར་ལས་ལྷག་པའི་སྒོ་ནས་དྲ་བ་དང་འཕྲིན་སྦྱོར་གསར་པའི་བརྒྱུད་ལམ་སྤྱད་དེ་བོད་ཀྱི་རིག་གནས་བརྒྱུད་སྒྲོག་དང་དར་སྤེལ་བྱ་ཆེད།ཁམས་པའི་བརྙན་འཕྲིན་ཁང་གིས་བོད་རྒྱ་དབྱིན་གསུམ་གྱི་དྲ་ལམ་ཁྱོན་ཡོངས་ནས་ལེགས་བཅོས་གསར་སྤེལ་བྱས་ཏེ། སྤྱི་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་དངོས་སུ་ཤར་གཏོང་བྱ་རྒྱུ་རེད།

 

 དེ་མིན། ལྟ་མཁན་དག་གིས་དུས་ནམ་ཡིན་ཡང་ཁམས་པའི་བརྙན་འཕྲིན་ཁང་གི་ལེ་ཚན་དང་དུས་ལྟར་བོད་ཁུལ་གྱི་ཆ་འཕྲིན་གསར་བར་ལྟ་ཐུབ་ཆེད། ཐེངས་འདིའི་ལེགས་བཅོས་ཁྲོད་ཁ་པར་གྱི་wapདྲ་གནས་ཤར་གཏོང་བྱས་ཡོད་ལ། ཁ་པར་གྱི་ལམ་ནས་ཁམས་པའི་བརྙན་འཕྲིན་དྲ་བར་ཞུགས་ན། དྲ་ལམ་གཅིག་གིས་བོད་ཁུལ་གྱི་ཆ་འཕྲིན་ཀུན་ལ་མྱོང་རོལ་བྱ་ཐུབ།

ཁམས་པའི་བརྙན་འཕྲིན་དྲ་བ་ལེགས་བཅོས་ལེགས་འགྲུབ་བྱུང་རྗེས། ཆ་འཕྲིན་གྱི་འདུས་ཚད་སྣ་མང་རྒྱ་ཆེ་ཅན་དུ་གྱུར་ཞིང་། དུས་བསྟུན་གྲ་དག་གི་པར་གཞི་ཇུས་འགོད་དང་བརྗེ་སྤོར་སླ་བའི་དྲ་གནས། བེད་སྤྱོད་བདེ་བའི་དྲ་ལམ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་པར་མ་ཟད།གཞན་ད་དུང་དྲ་བ་དང་འཕྲིན་སྟེགས། APPསོགས་སྟེགས་བུ་གསུམ་མཉམ་དུ་སྦྲེལ་ཡོད་པས། ཁྱེད་ལ་ཀུན་ལས་ལྷག་པའི་བརྡ་འཕྲིན་ཀྱི་ཚོར་སྣང་གསར་པ་ཞིག་སྟེར་ཐུབ་པར་ཡིད་ཆེས་ཡོད།

ཁམས་པའི་བརྙན་འཕྲིན་ཁང་གི་གཞི་རྒྱ་ཆེ་བའི་བརྙན་ཟློས་ཐོན་ཁུངས་གཞི་བྱས་ནས། བོད་ཁུལ་གྱི་ཆ་འཕྲིན་དང་། བརྙན་ཟློས། རིག་གནས། ཡུལ་སྐོར། རོལ་རྩེད། སྤྱི་ཕན། ཞབས་ཞུ་སོགས་ཀྱི་ནང་དོན་གཞི་གཅིག་ཏུ་བསྡུས་ཏེ།  བོད་ཁུལ་གྱི་རིག་གནས་སློབ་གསོའི་གསར་རྩོམ་དང་། མཁས་དབང་དམ་པའི་གསུངས་བཤད།   ངོ་མཚར་ལྟ་ན་སྡུག་པའི་བོད་ཁུལ་གྱི་མཛེས་ལྗོངས། སེམས་ཀྱི་སྤྲོ་བ་འཕེལ་བའི་བྲོ་གར། ཡིད་ཀྱི་དུངས་བ་འདྲེན་པའི་བརྙན་འཕྲིན་ཟློས་གར། ཡིད་གར་འོང་བའི་རྩེད་འཇོ་སོགས་ཀྱིས་ཁྱེད་ལ་སྤྲོ་དགའ་བག་ཡངས་ཀྱི་རིག་གནས་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་ངེས།ལེགས་བཅོས་ལེགས་འགྲུབ་བྱུང་རྗེས་ཁམས་པའི་བརྙན་འཕྲིན་དྲ་བའི་བརྒྱུད་སྐུར་སྟབས་བདེར་བཏང་ཡོད་ལ། དྲ་གྲོགས་ཚོས་རང་ཉིད་དགའ་བའི་རྩོམ་ཡིག་དང་བརྙན་ཟློས་རྡེབ་ཐེངས་གཅིག་གིས་འཕྲིན་ཕྲན་དང་ཞིན་ལང་པོད་ཕྲན། Facebook、Twitter སོགས་རྒྱལ་ཁབ་ཕྱི་ནང་ཀུན་གྱི་འཕྲིན་སྦྱོར་སྟེགས་བུར་བརྒྱུད་སྐུར་བྱ་ཐུབ།

སྤྱི་ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན། ལེགས་བཅོས་རིམ་འཕར་བྱས་པའི་ཁམས་པའི་བརྙན་འཕྲིན་དྲ་བ་ཤར་གཏོང་བྱ་རྒྱུ་ཡིན་པས། སྐུ་ཉིད་ཀྱིས་ཉམས་ཞིབ་གནང་རོགས།

རྒྱ་ཡིག་དྲ་གནས།http://www.kangbatv.com/

བོད་ཡིག་དྲ་གནས།http://tb.kangbatv.com/

དབྱིན་ཡིག་དྲ་གནས།http://en.kangbatv.com/

image001.png

image003.jpg

image005.png