ཨ་མདོ་བརྙན་འཕྲིན་གྱི་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་ཡི་ལོ་སྟེ་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་སར་དགོང་ཚོགས་ཀྱི་རིག་རྩལ་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།
2017.08.11 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 76
 

ཨ་མདོ་བརྙན་འཕྲིན་གྱི་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་ཡི་ལོ་སྟེ་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་སར་དགོང་ཚོགས་ཀྱི་རིག་རྩལ་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།
ཨ་མདོ་བརྙན་འཕྲིན་གྱིས་ལོ་རེར་སྒྲུབ་བཞིན་པའི་ལོ་སར་དགོང་ཚོགས་དེ་ནང་དོན་གྱི་ཆ་ནས་སྔར་ལས་ཕུན་སུམ་ཚོགས་ཤིང་། རྣམ་པའི་ཆ་ནས་མི་རིགས་རང་གི་རིག་རྩལ་གྱི་ཁྱད་ཆོས་མངོན་པར་གསལ་བའི་གནམ་ལོ་གསར་བའི་ལེགས་སྐྱེས་གྱ་ནོམ་པ་ཞིག་བསྒྲུབ་ཆེད། ས་གནས་སོ་སོའི་སྒྱུ་རྩལ་པ་རྣམས་ཀྱིས་གསར་རྩོམ་བྱས་པའི་སྒྱུ་རྩལ་བརྩམས་ཆོས་ཏེ་གླུ་དང་གླུ་དབྱངས། ཞབས་བྲོ། བཞད་གར། རྡུང་ལེན། ཁ་ཤགས། རྩེད་རིགས་སོགས་བསྐུར་བ་ལ་གཤམ་གྱི་ཆ་རྐྱེན་འགའ་ཐུགས་ལ་འཛིན་རྒྱུ་མཁྱེན།
དང་པོ། ནང་དོན་གྱི་ཆ་ནས་སྐབས་བབ་ཀྱི་སྲིད་ཇུས་དང་མཐུན་ཞིང་། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་སྤྱི་ཚོགས། སྐལ་བཟང་དུས་ལེགས་དང་སྐྱེ་ཁམས་སྣོད་བཅུད། འཚོ་བ་གསར་བ་སོགས་ཀྱི་དགེ་མཚན་ལ་བསྟོད་གླུ་ཕུལ་བའི་ལོ་སར་སྤྲོ་སྐྱིད་ཀྱི་རྣམ་པས་ཡོངས་སུ་ཕྱུག་པའི་བརྩམས་ཆོས་ཡིན་དགོས།
གཉིས་པ། བརྩམས་ཆོས་ཚང་མ་བོད་སྐད་དག་མ་ཡིན་དགོས་པ་མ་ཟད། གསར་རྩོམ་རྐྱང་རྐྱང་ཡིན་དགོས།
གསུམ་པ། གར་ཆུང་དང་ཁ་ཤགས་བརྩམས་ཆོས་ངེས་པར་དུ་འཁྲབ་གཞུང་དང་བརྙན་གཟུགས་ལྷན་དུ་བསྐུར་དགོས།
བཞི་བ། བརྩམས་ཆོས་ཡོད་ཚད་DVD འམ་CD འོད་སྡེར་ཡིན་དགོས་ཤིང་། གླུ་ཚིག་དང་ས་གནས། མིང་དང་འདྲ་པར། སྦྲག་སྲིད་ཨང་གྲངས། འབྲེལ་གཏུག་ཁ་པར་སོགས་གསལ་བོར་བྲིས་ཏེ་བསྐུར་དགོས།
ལྔ་བ། བརྩམས་ཆོས་བསྡུ་བའི་དུས་ཚོད་ནི་སྤྱི་ལོ2017ལོའི་ཟླ་8པའི་ཚེས་10ནས་ཟླ་11པའི་ཚེས་1བར་ཡིན།
དྲུག་པ། བརྩམས་ཆོས་བདམས་ཐོན་བྱུང་ཚེ་ང་ཚོས་ཐད་ཀར་མི་སྒེར་རང་ཉིད་ལ་འབྲེལ་གཏུག་བྱ་ངེས། བརྩམས་ཆོས་ཡོད་ཚད་ཕྱིར་བསྐུར་མི་ཐུབ་པས་མ་ཡིག་རང་ཉིད་ཀྱིས་ཉར་ཚགས་བྱེད་རོགས།
བརྩམས་ཆོས་བསྐུར་ཡུལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་རིག་རྩལ་ཚན་ཁག(西宁市西关大街81号 青海广播电视台安多卫视文体部)
སྦྲག་སྲིད་ཨང་གྲངས། 810001
འབྲེལ་གཏུག་བྱ་ཡུལ། བདེ་མཆོག་རྒྱལ།(德却加) ཚེ་བྷོ།(才宝)
འབྲེལ་གཏུག་ཁ་པར། 17797081689 13109719998