སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཐད་གཏོང་སྔོན་བརྡ།
2018.01.24 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 33

2018ལོའི་ཟླ1པའི་ཚེས24ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་ཆེན་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་མཚོ་སྔོན་ཞིང་ཆེན་ཚོགས་འདུ་ལྟེ་གནས་ནས་གཟབ་རྒྱས་ངང་འཚོགས་མགོ་རྩོམ་རྒྱུ་རེད།

འདས་པའི་ལོ་ལྔའི་ནང་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་བྱ་བར་གྲུབ་འབྲས་ག་འདྲ་བླངས་ཡོད་པ་དང་། མ་འོངས་པའི་བྱ་བའི་གྲོས་གཞི་ག་འདྲ་ཡིན་ནམ།

2018ལོའི་ཟླ1པའི་ཚེས24ཉིན་གྱི་སྔ་དྲོའི་ཆུ་ཚོད་8:56སྟེང་ནས། མཚོ་སྔོན་འཁོར་སྐར་འཕྲིན་ལམ་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་གསར་འགྱུར་ཕྱོགས་བསྡུས་རླུང་འཕྲིན། བོད་སྐད་རླུང་འཕྲིན་བཅས་ཀྱིས་ཚོགས་ཆེན་མགོ་རྩོམ་པའི་གཟབ་རྒྱས་གནས་ཚུལ་ཐད་གཏོང་བྱ་རྒྱུ་ཡིན་ལ། དུས་ཐོག་ཏུ་མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཁ་པར་མགྲོན་སྣེ་གཙང་གསུམ་འགོ་ཁུངས། ཁ་པར་མགྲོན་སྣེ་གངས་ལྗོངས་མེ་ལོང་། དེ་མིན་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྐད་འཕྲིན་སྤྱི་སྟེགས་བཅས་ནས་དྲ་ལམ་ཐད་གཏོང་བྱ་རྒྱུ་ཡིན་པས། ཀུན་གྱིས་དོ་སྣང་མཛད་རོགས།