རྒྱལ་ཡོངས་བོད་ཀྱི་རིག་གནས་བརྙན་ཐུང་འགྲན་སྡུར་སྐབས་དང་པོ་བསྡུ་བའི་བརྡ་སྦྱོར།
2024.08.07 ཁུངས། ཀློག་གྲངས། 151

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ།  བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཁྱད་ཆོས་མངོན་པར་མཚོན་ཆེད།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱིས་གཙོ་སྒྲུབ་དང་། ཨ་མདོ་བརྙན་འཕྲིན་གྱིས་འགན་སྒྲུབ་གནང་བའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་བ”བརྗོད་གཞི་ཡིན་པའི་རྒྱལ་ཡོངས་བོད་ཀྱི་རིག་གནས་བརྙན་ཐུང་འགྲན་སྡུར་སྐབས་དང་པོ་སྤེལ་རྒྱུ་ཡིན།

དང་པོ།   ནང་དོན་གཙོ་བོ།

ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་རྒྱུད་འཛིན། དར་སྤེལ་གང་ལེགས་བྱེད་པ་དང་།  དུས་རབས་གསར་པའི་བོད་འབྲེལ་ས་ཁུལ་གྱི་འཆམ་མཐུན་སྤྱི་ཚོགས་དང་སྐྱེ་ཁམས་ཁོར་ཡུག  རིག་གནས་འཚོ་བ།  ཞུམ་མེད་ཡར་བརྩོན་བཅས་ཀྱི་རྣམ་པ་གསར་བ་གསོན་ཉམས་ལྡན་པའི་ངང་མཚོན་དགོས།

གཉིས་པ།   བརྙན་ཐུང་གི་ཚད་གཞི།

གཅིག འགྲན་ཞུགས་བརྙན་ཐུང་བོད་སྐད་ཡིན་དགོས་ཤིང་། རིང་ཐུང་སྐར་མ3གྱི་མན་དང་།  ཆེས་རིང་ནའང་སྐར་མ5ལས་བརྒལ་མི་རུང་།

གཉིས། བརྙན་ཐུང་གི་རྣམ་པ MOV དང་། འཕྲེད་ངོས་གཞུང་ངོས་གང་མོས་ལྟར་བསྐུར་ཆོག འཕྲེད་ངོས་གསལ་ཚད1920×1080དང་གཞུང་ངོས་གསལ་ཚད1080×1920ཡན་དང་།   བརྙན་རིས་བསྡུར་ཚད16:9/9:16ཡིན་དགོས།

གསུམ།   བརྙན་རིས་སྟེང་འདྲ་མིན་མཚོན་རྟགས་སོགས་འགོད་མི་རུང་།

གསུམ་པ།  དུས་ཚོད་བཀོད་སྒྲིག

གཅིག བརྡ་སྦྱོར་སྤེལ་བའི་ཉིན་ནས2024ལོའི་ཟླ9བའི་ཚེས30ཉིན་བར་བརྙན་ཐུང་བརྩམས་ཆོས་བསྡུ་རྒྱུ་ཡིན།

གཉིས། 2024ལོའི་ཟླ10པར་བརྙན་ཐུང་བརྩམས་ཆོས་དཔྱད་འདེམ་བྱ་རྒྱུ་ཡིན།

གསུམ། 2024ལོའི་ཟླ11པར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བྱ་དགའ་སྟེར་བའི་མཛད་སྒོ་སྤེལ་རྒྱུ་ཡིན།

བཞི་པ།   བྱ་དགའི་རྣམ་གྲངས།

ཨང་དང་པོ་གསུམ།

སོ་སོར་བྱ་དགའི་བུམ་པ་དང་གཟེངས་རྟགས་དཔང་ཡིག  བྱ་དགའི་སྒོར་ཆིག་ཁྲི(10000)རེ་སྤྲོད་རྒྱུ།

ཨང་གཉིས་པ་དྲུག

སོ་སོར་བྱ་དགའི་བུམ་པ་དང་གཟེངས་རྟགས་དཔང་ཡིག  བྱ་དགའི་སྒོར་བརྒྱད་སྟོང(8000)རེ་སྤྲོད་རྒྱུ།

ཨང་གསུམ་པ་དགུ

སོ་སོར་བྱ་དགའི་བུམ་པ་དང་གཟེངས་རྟགས་དཔང་ཡིག  བྱ་དགའི་སྒོར་ལྔ་སྟོང(5000)རེ་སྤྲོད་རྒྱུ།

ཆེས་དགའ་བསུ་ཐོབ་པ་གཅིག

བྱ་དགའི་བུམ་པ་དང་གཟེངས་རྟགས་དཔང་ཡིག  བྱ་དགའི་སྒོར་ལྔ་སྟོང(5000)སྤྲོད་རྒྱུ།

གསར་གཏོད་རང་བཞིན་ཅན་གཅིག

བྱ་དགའི་བུམ་པ་དང་གཟེངས་རྟགས་དཔང་ཡིག  བྱ་དགའི་སྒོར་ལྔ་སྟོང(5000)སྤྲོད་རྒྱུ།

ཕུལ་བྱུང་བརྩམས་ཆོས་བཅོ་བརྒྱད།

སོ་སོར་གཟེངས་རྟགས་དཔང་ཡིག  བྱ་དགའི་སྒོར་ཉིས་སྟོང(2000)རེ་སྤྲོད་རྒྱུ།

ལྔ་པ།  འགྲན་ཞུགས་བྱེད་སྟངས།

གཅིག ཐོག་མར་ཨ་མདོ་བརྙན་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས དང་དུས་དབྱངས་འཕྲིན་སྟེགས སྐད་འཕྲིན་བརྙན་ལམ་གང་རུང་ལ་དོ་ཁུར་བྱེད་པ་དང་།   དེ་ནས་རང་གི་སྐད་འཕྲིན་བརྙན་ལམ་དང་དུས་དབྱངས་འཕྲིན་སྟེགས་ལ་བརྩམས་ཆོས་སྤེལ་ཏེ།   གླེང་གཞིར“#藏文化主题优秀短视频”“#安多卫视”ཞེས་འགོད་པ་དང་།   གཤམ་ལ @安多卫视བཀོད་པ་ཡིན་ན་འགྲན་ཞུགས་ལེགས་གྲུབ་བྱུང་བ་ཡིན།

གཉིས། འགྲན་ཞུགས་པས་ཟླ10པའི་ཚེས10ཉིན་གྱི་དུས་ཚོད18:00སྔོན་ལ་བརྩམས་ཆོས་བཀླགས་གྲངས་དང་སྙིང་དམར་མནན་གྲངས་ཀྱི་པར་ངོས་འདྲ་བཤུས།   ཟུར་བཀོད་ཀྱི་ཁས་ལེན་ཡི་གེ(首届全国藏文化主题优秀短视频征集活动作品版权承诺书)ད་དུང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་ཡིག་འབྲུ150ཙམ་ལོངས་པའི་གསལ་བཤད་ཡི་གེ(ཁ་བྱང་དང་ནང་དོན། དེ་མིན་བརྙན་བླངས་པའི་ས་གནས་དང་བརྙན་ལེན་པའི་མིང་།    འབྲེལ་གཏུག་བྱེད་ས)བཅས་གཞུང་བཅད་ལྟར་གསལ་བོར་བྲིས་ནས།

ཡིག་ཟམ།  836140972@qq.com   ནང་དུ་བསྐུར་དགོས།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་སྒྲོལ་མ། 15209745703     13109710809

དྲུག་པ།  བརྩམས་ཆོས་འགྲེམ་འགོད།

བྱ་དགའ་ཐོབ་པའི་བརྙན་ཐུང་ཨ་མདོ་བརྙན་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་དང་སྐད་འཕྲིན་བརྙན་ལམ། དུས་དབྱངས་འཕྲིན་སྟེགས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི“ཉིན་རེའི་གངས་ལྗོངས”སྐད་འཕྲིན་སྤྱི་སྟེགས་དང་སྐད་འཕྲིན་བརྙན་ལམ། གངས་ལྗོངས་མེ་ལོང་དྲ་ཚིགས། གངས་ལྗོངས་མེ་ལོངAPPབཅས་ཀྱི་སྨྱན་བྱད་གསར་བའི་སྟེགས་བུར་འགྲེམ་འགོད་བྱ་རྒྱུ་ཡིན།

བདུན་པ།  མཉམ་འཇོག་བྱ་ཡུལ།

གཅིག  བརྙན་ཐུང་བརྩམས་ཆོས་ངེས་པར་དུ་གསར་རྩོམ་ཡིན་དགོས་ཤིང་།    རྐུ་བཤུས་དང་བཤུ་འབྲི་བྱེད་མི་རུང་ལ།  དེ་སྔ་འགྲན་སྡུར་ནང་ཞུགས་མྱོང་བའི་བརྙན་ཐུང་ཡང་བསྐྱར་འགྲན་ཞུགས་བྱས་མི་ཆོག གཙོ་གཉེར་ཕྱོགས་ཀྱིས་འགྲན་ཞུགས་བརྩམས་ཆོས་རང་ངོས་ཀྱི་གནད་དོན་དབང་གིས་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་རྩོད་གཞིར་བཅའ་ཁྲིམས་ཀྱི་འགན་མི་འཁུར་བ་དང་།  བརྩམས་ཆོས་ནང་གསར་རྩོམ་མ་ཡིན་པའི་རི་མོ་དང་བརྙན་དུམ།    གླུ་གཞས།   རོལ་དབྱངས་བཅས་ཡོད་ན་ངེས་པར་དུ་འབྱུང་ཁུངས་གསལ་པོར་འགོད་དགོས།

གཉིས། བརྙན་ཐུང་བརྩམས་ཆོས་བསྡུ་བའི་རིང་མ་ཡིག་བརྗེ་བ་དང་ཕྱིར་སློག་སོགས་ཀྱི་དོན་དག་གང་ཡང་མི་བསྒྲུབ།

གསུམ། བྱ་དགའ་ཐོབ་པའི་བརྙན་ཐུང་བརྩམས་ཆོས་འགྲན་ཞུགས་པའི་མིང་འགོད་དབང་ཆ་སོར་འཇོག་བྱས་ནས་འགྲེམས་འགོད་བྱེད་པ་ལས་ལོགས་སུ་ཐོབ་ཆ་སྤྲོད་རྒྱུ་མེད།

བཞི།  གཟེངས་རྟགས་དཔང་ཡིག་འགྲན་ཞུགས་མཁན་གྱིས་ཡིག་ཟམ་ནང་བསྐུར་བའི་འབྲེལ་ཡོད་ཆ་འཕྲིན་ཚད་གཞིར་བཟུང་ནས་པར་འདེབས་བྱ་རྒྱུ་དང་།    ཆ་འཕྲིན་ཡང་དག་མིན་པའི་དབང་གིས་དཔང་ཡིག་པར་འདེབས་ནོར་འཁྲུལ་བྱུང་ཚེ་གཙོ་གཉེར་ཕྱོགས་ཀྱིས་བསྐྱར་དུ་བཟོ་མི་སྲིད།

ལྔ། བྱེད་སྒོ་འདིའི་འགྲེལ་བཤད་རྒྱག་དབང་ནི་གཙོ་གཉེར་ལས་ཁུངས་ལ་དབང་བ་དང་།  བརྙན་ཐུང་བརྩམས་ཆོས་བསྐུར་མཁན་ནི་གསལ་བརྡ་འདིའི་གཏན་འབེབས་ཡོད་ཚད་ལ་མོས་མཐུན་བྱས་ཟིན་པར་བརྩི་རྒྱུ་ཡིན་ནོ།

                                                                མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན།

                                                                                      2024ལོའི་ཟླ8པའི་ཚེས6ཉིན།

首届全国藏文化主题优秀短视频征集活动作品版权承诺书.docx