དཔའ་རྩེ་ཡིས་དཔེ་ཀློག་བྱེད་ཐབས་སྐོར་གླེང་བ།
2019.07.01 ཁུངས། ཀློག་གྲངས། 10513


ཟུར་བཀོད།


གཅིག གཞི་རིམ་པའི་བྱིས་རྩོམ་གཅེས་བཏུས 》པར་ཐེངས་གཉིས་པ་དཔར།

ཉེ་ཆར།  གཞི་རིམ་པའི་བྱིས་རྩོམ་གཅེས་བཏུས 》ཞེས་པའི་པར་ཐེངས་གཉིས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་འདུག

བྱིས་པའི་རྩོམ་ཡིག་ལ་དོ་སྣང་བྱེད་མཁན་གྱི་དཔྱད་བརྗོད་པ་དང་དགེ་རྒན། སློབ་མ།  ཁྱིམ་བདག་སྐོར་ཞིག་གི་རེ་བ་ལྟར།  ན་ནིང་པར་སྐྲུན་བྱས་པའིགཞི་རིམ་པའི་བྱིས་རྩོམ་གཅེས་བཏུས 》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་ཡང་བསྐྱར་པར་སྐྲུན་བྱས་འདུག

དེབ་འདི་སྡེབ་ཉོ་དང་སིལ་ཉོ་བྱེད་མཁན་ཡོད་ན་ཟི་ལིང་དུ་ཡོད་པའི་གཞོན་གསར་དཔེ་ཁང་ལ་འབྲེལ་གཏུག་བྱ་ཆོག  ཁ་པར་ཨང་གྲངས།  15897148059


གཉིས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་ལོ་ཙཱའི་གླེང་སྟེགས་དང་འགྱུར་དེབ་གནང་སྦྱིན་གྱི་བྱེད་སྒོ་སྤེལ།

2019ལོའི་ཟླ6པའི་ཚེས23ཉིན་གྱི་དགོང་མོར།  གཡུ་གྲོང་སློབ་ཁུལ་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་རྒྱ་བོད་ལོ་ཙཱ་མཐུན་ཚོགས་ཀྱི་ལོ་ཙཱའི་གླེང་སྟེགས་དང་འགྱུར་དེབ་གནང་སྦྱིན་གྱི་བྱེད་སྒོ་སྤེལ།

ཐེངས་འདིའི་ལོ་ཙཱའི་གླེང་སྟེགས་སྤེལ་བ་དེས།  མི་རིགས་སློབ་ཆེན་སོ་སོའི་སློབ་མའི་འབྲེལ་འདྲིས་ཇེ་ཟབ་དང་།  ལོ་ཙཱའི་ཉམས་མྱོང་བརྗེ་རེས།  ཕན་ཚུན་ལ་སློབ་སྦྱོང་དང་།  ཕན་ཚུན་ལ་མིག་དཔེ་བལྟས་ནས་སློབ་རའི་རིག་གནས་སྣ་མང་ཕུན་ཚོགས་སུ་གཏོང་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་ལ།  སློབ་ཆེན་པའི་ལོ་ཙཱའི་གཞུང་ལུགས་ཀྱི་ཆུ་ཚད་མཐོར་འདེགས་དང་།  སྤྱི་ཚོགས་འབྲེལ་འདྲིས་ཀྱི་ནུས་པ་གསོ་སྐྱོང་། མཉམ་ལས་ཡར་སྐྱེད་ཀྱི་ལམ་སྣ་གསར་འབྱེད་སོགས་ལ་དོན་སྙིང་ངེས་ཅན་ལྡན་ཡོད།