བློ་མཐུན་ཡའོ་ཡེ་ལིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་ལིས་ཁི་ཆང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
2017.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དགུ་བའི་ཚེས་དྲུག་ཉིན། བློ་མཐུན་ཡའོ་ཡེ་ལིན་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུ་མ་བསྡུས་པའི་སྔོན་ལ། ལིས་ཁི་ཆང་སོགས་མགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་ཡའོ་ཡེ་ལིན་གྱི་ཁྱིམ་མི་ལ་ཐུག་འཕྲད་བྱས།

ལིས་ཁི་ཆང་གིས་གཏམ་བཤད་སྐབས་བློ་མཐུན་ཡའོ་ཡེ་ལིན་གྱིས་འཚོ་གནས་སྐབས་སུ་བཞག་པའི་བྱས་རྗེས་དང་བླངས་པའི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱིར་དྲན་བྱས། ལིས་ཁི་ཆང་གིས་བཤད་རྒྱུར། ང་ཚོས་བློ་མཐུན་ཡའོ་ཡེ་ལིན་ལ་རྗེས་དྲན་བྱེད་པ་ནི་ཁོའི་འགྱུར་མེད་ཡིད་ཆེས་དང་བྱས་རྗེས་འཇོག་ཕོད་པའི་བླ་མེད་ཀུན་སྤྱོད་ལ་སློབ་སྦྱོང་བྱེད་པ་དང་། ཁོས་དངོས་ཐོག་བདེན་འཚོལ་དང་ནན་ཏན་སྒོས་བྱ་བ་བསྒྲུབས་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། ཁོས་སྤོབས་པ་ཆེན་པོས་བཅོས་སྒྱུར་དང་གསར་གཏོད་བྱེད་པའི་འགན་འཁྲི་ཁག་ཁུར་བྱས་པར་སློབ་སྦྱོང་བྱེད་པ། ཁོས་མི་དམངས་ལ་བརྩི་འཇོག་དང་མི་དམངས་ལ་བརྟེན་པའི་མི་དམངས་ཀྱི་ལངས་ཕྱོགས་ལ་སློབ་སྦྱོང་བྱེད་པ། ཁོས་རང་ཉིད་ལ་རེ་བ་ནན་མོ་འཛིན་པ་དང་སྲིད་གཙང་སྤྱོད་གཙང་གི་སྤྱོད་ཚུལ་བཟང་བོར་སློབ་སྦྱོང་བྱེད་པ་ཡིན་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། བརྟན་འཇགས་སྒོས་འཕར་སྣོན་བྱེད་པ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་ཚིས་ལེགས་བཅོས་བྱེད་པ། ཉེན་ཁ་འགོག་སྲུང་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱེད་པར་མ་ཟད། གསར་བརྗེ་སྔོན་རབས་པས་གསར་སྐྲུན་བྱས་པའི་རླབས་ཆེན་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་དགོས་ཟེར།