ཡུས་ཀྲིན་ཧྲིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་གྲོས་གཞི་དང་སྒྲུབ་འགན་ཁས་ལེན་བྱས་པའི་སྔོན་ཐོན་སྡེ་ཁག་གི་བྱ་དགའ་ཐོབ་པའི་འཐུས་མིར་ཐུག་འཕྲད་བྱས་པར་མ་ཟད་གཏམ་བཤད།
2017.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

yuzhengshengtiandaibiao.jpg

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་དྲུག་ཉིན་པེ་ཅིན་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་གྲོས་གཞི་དང་གྲོས་གཞི་སྒྲུབ་རྒྱུ་ཁས་ལེན་བྱས་པའི་སྔོན་ཐོན་སྡེ་ཁག་གི་བྱ་དགའ་ཐོབ་པའི་འཐུས་མིར་ཐུག་འཕྲད་བྱས་པར་མ་ཟད་གཏམ་བཤད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་དྲུག་ཉིན་པེ་ཅིན་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་གྲོས་གཞི་དང་གྲོས་གཞི་སྒྲུབ་རྒྱུ་ཁས་ལེན་བྱས་པའི་སྔོན་ཐོན་སྡེ་ཁག་གི་བྱ་དགའ་ཐོབ་པའི་འཐུས་མིར་ཐུག་འཕྲད་བྱས་པར་མ་ཟད་གཏམ་བཤད།

ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་བྱས་ནས་གཟེངས་བསྟོད་ཐོབ་པའི་སྡེ་ཁག་དང་མི་སྒེར་ལ་རྟེན་འབྲེལ་ཞུས་པར་མ་ཟད། སྲིད་གྲོས་ཀྱི་གྲོས་གཞིའི་བྱ་བའི་ཐད་འབད་འཐབ་བྱས་པའི་བློ་མཐུན་ཚོར་འཚམས་འདྲི་དང་བཀའ་དྲིན་ཞུས།

ཡུས་ཀྲིན་ཧྲིན་གྱིས་བཤད་རྒྱུར། གྲོས་གཞིའི་བྱ་བ་ནི་མི་དམངས་སྲིད་གྲོས་བྱ་བའི་གྲུབ་ཆ་གཙོ་བོ་དང་། ཕྱོགས་སོ་སོའི་རེ་བ་དང་བསམ་འཆར་ཡར་ཞུ་བྱེད་པ་དང་། སྲིད་གཞུང་སྡེ་ཁག་ལ་གྲོས་གཞི་འདོན་པའི་རྣམ་པ་གལ་ཆེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་ཐད་ནས་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་གནང་ལ། མི་དམངས་སྲིད་གྲོས་ཀྱིས་གྲོས་གཞི་བརྒྱུད་དེ་འགན་ནུས་བསྒྲུབ་པའི་ཐད་རེ་བ་གསར་བ་བཏོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཕྱོགས་སོ་སོས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། གྲོས་གཞིའི་བྱ་བར་གསར་གཏོད་བྱེད་པ། གྲོས་གཞིའི་རྒྱུ་སྤུས་དང་གྲོས་གཞི་ལག་བསྟར་བྱེད་པའི་རྒྱུ་སྤུས་རྒྱུན་མ་ཆད་པར་མཐོར་འདེགས་བྱས་པས། གྲོས་གཞིའི་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཟེར།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། གྲོས་གཞིའི་བྱ་བའི་གནད་འགག་ནི་རྒྱུ་སྤུས་ཡིན་པ་ལས་གྲངས་ཀ་མིན་པ་དང་། གྲོས་གཞིའི་ཐད་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོར་དམ་དུ་དམིགས་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་དང་མཐུན་དགོས་ལ། མང་ཚོགས་ཀྱི་དགོས་མཁོ་མཚོན་དགོས་པར་མ་ཟད། ཁྱབ་ཁོངས་དང་བྱ་བ་ཁ་ཤས་ཁྲོད་ཀྱི་མི་འདང་སར་ཁ་གཏད་དེ་ལག་བསྟར་བྱེད་ཆོག་པའི་གྲོས་གཞི་འདོན་དགོས། གྲོས་གཞི་བསྒྲུབ་པར་ཁས་བླངས་པའི་སྡེ་ཁག་གིས་ཨུ་ཡོན་གྱི་དབང་ཆར་བརྩི་འཇོག་བྱེད་པ་དང་། གྲོས་གཞི་ནན་མོར་བསྒྲུབ་དགོས། འོས་མཐུན་ལུགས་མཐུན་གྱི་གྲོས་གཞི་ཡོངས་རྫོགས་དང་ལེན་བྱས་ནས། གྲོས་གཞིའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། བྱ་བར་ལེགས་སྒྲིག་བྱེད་པའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་གཏམ་བཤད་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་མི་དམངས་སྲིད་གྲོས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། རྡོག་རྩ་གཅིག་སྒྲིལ་དང་མཉམ་དུ་འབད་འཐབ་བྱས་ཏེ། གྲོས་གཞིའི་བྱ་བ་དེ་ཆུ་ཚད་གསར་བར་བསླེབ་པར་བྱེད་པ་དང་། སྙིང་སྟོབས་ཆེན་པོ་དང་གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།