མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།
2017.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་དགུ་བའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་གྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སངས་རྒྱས་རྒྱལ་དང་། རྒྱུན་ལས་ཀྲུའུ་རིན་གཞོན་པ་ལི་མིན་ཅིན་དང་མཱ་ཧྥུའུ་ཧེ། ཀྲའོ་ཆི་ཀྲུང་། ཀྲུའུ་རིན་གཞོན་པ་ཡོའེ་ཧྲི་ཧྲུའུ། ཧན་ཡུས་ཀོས་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་། ཚོགས་ཞུགས་མི་སྣ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་དམངས་གཉེར་ཁེ་ལས་ཀྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་ཀྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བྱ་བར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལག་བསྟར་བསམ་འཆར་གྱི་བསམ་འཆར་བསྡུ་ལེན་མ་ཟིན་ལ་གྲོས་བསྡུར་བྱས་ཏེ་གཏམ་བཤད་པ་དང་། ལག་བསྟར་བསམ་འཆར་འཐུས་ཚང་དུ་གཏོང་བ་དང་ཕྱིར་འདོན་པའི་ཐད་བཀོལ་སྤྱོད་བྱས་པའི་བསམ་འཆར་དང་གྲོས་གཞི་བཏོན་ལ།མཚོ་སྔོན་ཞིང་ཆེན་གྱིས་དམངས་གཉེར་ཁེ་ལས་ཀྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བའི་ཐད་བསམ་འཆར་དང་དཔྱད་གཞི་བཏོན།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་རྩ་འཛུགས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་ཁེ་ལས་ཀྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་དེ་ལོ་རེའི་བྱ་བའི་ལས་འགན་གལ་ཆེན་ཞིག་ཏུ་འཇོག་དགོས་པ་དང་། ཏང་འཛུགས་ཀྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་གནད་འགག་དམ་འཛིན་བྱས་ཏེ་ཀྲུའུ་རིན་ལེགས་འདེམས་བྱེད་པ་དང་མགོ་ཁྲིད་ཚན་ཁག་བཟང་བོར་འདེམས་པ། དཔུང་སྡེ་རྒྱ་བསྐྱེད་པ་གཙོ་གནད་དུ་འཛིན་པ། བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་དང་། བབ་བསྟུན་སྣེ་ཁྲིད་དང་གོ་རིམ་བཞིན་སྐུལ་འདེད་གཏོང་བ་སོགས་ཀྱི་རྩ་དོན་གཞིར་བཟུང་ནས་ན་གཞོན་ལོ་ཆུང་དང་ལས་བཟོ་བའི་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་གཏོང་བར་ཕན་པ་ཡོད་པ་དང་སྔར་ལས་ལྷག་པའི་སྒོ་ནས་དམངས་གཉེར་ཁེ་ལས་སྔར་ལས་བཟང་བ་དང་སྔར་ལས་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཕན་པ་ཡོད་པ། ཁེ་ལས་བརྟན་འཇགས་དང་བདེ་འཇགས། འཆམ་མཐུན་དང་ཡར་ཐོན་ཡོང་བར་ཕན་པ་ཡོད་པ། ཁེ་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟུང་བོ་བསྐྲུན་པར་ཕན་པ་ཡོད་པའི་ཕན་ཡོད་བཞིར་དམིགས་ནས་དྲིལ་སྒྲོག་ལ་ཤུགས་སྣོན་དང་ངོས་ཟིན་མཐོར་འདེགསབཏང་སྟེ་རིམ་བཞིན་མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་གྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།