ལིས་ཁི་ཆང་གིས་ནེ་པ་ལའི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་མ་ཧ་ལ་ལ་ཐུག་འཕྲད་བྱས།
2017.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

李克强会见尼泊尔客人.jpg

ཟླ་དགུ་བའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ནེ་པ་ལའི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་མ་ཧ་ལ་ལ་ཐུག་འཕྲད་བྱས།

ཟླ་དགུ་བའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ནེ་པ་ལའི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་མ་ཧ་ལ་ལ་ཐུག་འཕྲད་བྱས།

ལིས་ཁི་ཆང་གིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་གོ་སྐབས་སུ་བཟུང་སྟེ། ནེ་པ་ལ་དང་ལྷན་དུ་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ནེ་པ་ལའི་རང་མོས་ཉོ་ཚོང་གྲོས་མཐུན་མཉམ་འབྲེལ་ལག་བསྟར་ཞིབ་འཇུག་དང་རྒྱལ་ཁོངས་བརྒལ་བའི་དཔལ་འབྱོར་མཉམ་ལས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མ་ཟད། ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས་སོགས་ཐོན་ནུས་མཉམ་ལས་རྒྱ་བསྐྱེད་པ་དང་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་དང་གནས་སྐོར་སོགས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

མ་ཧ་ལ་ཡིས་བཤད་རྒྱུར། ནེ་པ་ལ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ནས་ནེ་པ་ལ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།