ཀྲང་ཀའོ་ལིས་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཐན་ཉུང་འཕེལ་རྒྱས་ཀྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུར་ཞུགས།
2017.09.09 ཁུངས། ཀློག་གྲངས། 2

zhanggaolizuotanhui.jpg

ཟླ་དགུ་བའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཐན་ཉུང་འཕེལ་རྒྱས་ཀྱི་ཆེད་དོན་བགྲོ་གླེང་འཛིན་གྲྭར་ཞུགས་པའི་མི་སྣ་དང་བཞུགས་མོལ་བྱས།

ཟླ་དགུ་བའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཐན་ཉུང་འཕེལ་རྒྱས་ཀྱི་ཆེད་དོན་བགྲོ་གླེང་འཛིན་གྲྭར་ཞུགས་པའི་མི་སྣ་དང་བཞུགས་མོལ་བྱས།

ཀྲང་ཀའོ་ལིས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་ནམ་ཡང་རྒྱལ་སྐྱོང་སྲིད་འཛིན་གྱི་འཐབ་ཇུས་གོ་གནས་གལ་ཆེན་དུ་བཞག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་ཡིན་ལ། ཁོར་ཡུག་ཡག་བསྒྱུར་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་ཡིན་ཞེས་བཤད་མྱོང་། ཙུང་ལི་ལིས་ཁི་ཆང་གིས་སྐྱེ་ཁམས་དཔལ་ཡོན་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་ནས་རེ་བ་ཞིབ་མོ་བཏོན་ཡོད་པས། ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདུ་ཤེས་བཞི་ཇེ་བརྟན་དུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ན་ཡང་། གནད་དོན་དང་མི་འདང་ས་ཡང་མི་ཉུང་བ་ཡོད་པས། ང་ཚོས་ལྗང་མདོག་འཕེལ་རྒྱས་ཐོན་ལས་མ་ལག་འཛུགས་པ་དང་། ལྗང་མདོག་འཕེལ་རྒྱས་ཐད་ཀྱི་ཚན་རྩལ་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། ལྗང་མདོག་འཕེལ་རྒྱས་འདུ་ཤེས་ཆགས་པར་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་དང་འཚོ་བའི་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་དགོས། གཙོ་གཞི་རྩོལ་ནུས་ཐད་ཀྱི་གནས་ཐིག་གཏན་ཁེལ་བཟང་བོ་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་བར་སྟོང་གསར་སྤེལ་སྲུང་སྐྱོབ་རྣམ་པ་གྲུབ་པར་བྱེད་དགོས། གྲོང་གསེབ་གསར་སྤེལ་གྱི་ཚད་གཏན་ཁེལ་བྱེད་པ་དང་། མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱ་བ་མྱུར་དུ་སྤེལ་ནས། སྡེ་བ་དང་གྲོང་གསེབ་ཀྱི་གད་སྙིགས་མེད་པར་གཏོང་དགོས། འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་པ་དང་། རྒྱུན་མཐུད་ངང་མཁའ་དབུགས་བཙོག་བཟོ་འགོག་བཅོས་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པ། ཆུའི་བཙོག་བཟོ་འགོག་བཅོས་བྱེད་པར་ཤུགས་སྣོན་པ། ས་ཞིང་བཙོག་བཟོ་འགོག་བཅོས་དང་སླར་གསོ་བྱེད་དགོས། ལྗང་མདོག་ཐན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གསར་བརྗེ་སྤེལ་བ། རང་འགུལ་གྱིས་ཐན་ཕྱིར་གཏོང་བར་ཚོད་འཛིན་བྱས་ཏེ། མཁའ་དབུགས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཞུགས་དགོས། གྲོན་ཆུང་ལེགས་བསྡུས་དང་འཁོར་སྐྱོད་བེད་སྤྱོད་བྱེད་པའི་ཐོན་ཁུངས་ལྟ་བ་འཛུགས་པ་དང་། དམངས་ཡོངས་ཀྱིས་ནུས་ཁུངས་གྲོན་ཆུང་བྱེད་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས། ཐོན་ཁུངས་བེད་སྤྱོད་ལས་ཆོད་མཐོར་འདེགས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་བཅོས་བསྒྱུར་མྱུར་དུ་སྤེལ་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་དུ་འཇུག་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་ལྟར། རང་འགུལ་སྒོས་འབད་འཐབ་བྱེད་པ་དང་། དཀའ་ངལ་ཁྱད་སེལ་བྱེད་པ། རྩ་འཛུགས་མགོ་ཁྲིད་དང་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། འགན་འཁྲི་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པའི་རེ་བ་བཏོན།

ཡཱང་ཅིན་གྲོས་ཚོགས་ལ་ཞུགས།