མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2018.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

 ཟླ་དང་པོའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་ཆེད། ཞིང་ཆེན་སྲིད་གྲོས་ཀྱིས་བྱ་བའི་ལས་ཁུངས་བཙུགས་ཏེ། བྱ་བའི་འོས་འགན་ཇེ་གསལ་དུ་བཏང་ནས་ལས་རིམ་ཁག་སོ་སོའི་བྱ་བ་རིམ་པར་སྤེལ། ཝང་ཞའོ་ཡུང་གིས་བྱ་བའི་ཚན་ཁག་སོ་སོས་གྲ་སྒྲིག་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས། བྱ་བའི་ཚན་ཁག་སོ་སོས་གྲ་སྒྲིག་ལས་དོན་བཟུང་བ་བརྟན་པོ་ཡིན་པ་དང་གནད་ས་འབུར་ཐོན་ཡིན་པར་མ་ཟད། ལས་རིམ་ཁག་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་ནས། ཐོག་མའི་གྲ་སྒྲིག་བྱ་བ་གཞི་རྩའི་ཆ་ནས་ཡོངས་འགྲུབ་བྱས་ཡོད། རེ་བ་ཡིན་ན་ཀུན་གྱིས་མཐུན་སྒྲིལ་དམ་པོ་བྱས་ཏེ། བྱ་བའི་ཚད་གཞི་ལེགས་པོ་དང་ཞབས་ཞུའི་ཆ་ཚད་བཟང་བོ། བསམ་པའི་སྙིང་སྟོབས་རྨད་དུ་བྱུང་བ་བཅས་ཀྱི་ངོས་ནས། ལས་རིམ་ཁག་སོ་སོའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཝང་ཞའོ་ཡུང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་། ད་ལོ་ནི་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བརྗེ་དུས་སྐབས་ཀྱང་ཡིན་པས། གྲོས་ཚོགས་བཟང་བོར་བསྡུ་བ་ལ་དོན་སྙིང་གལ་ཆེན་ལྡན། ཆབ་སྲིད་བརྩི་བའི་མཐོ་ཚད་ནས་འགྲེང་སྟེ། གྲོས་ཚོགས་བཟང་བོར་བསྡུ་བའི་དོན་སྙིང་གལ་ཆེན་ལ་གོ་བ་ཡང་དག་ལེན་དགོས། འགན་འཁྲིའི་འདུ་ཤེས་དང་ཉེན་ཚབས་ཀྱི་འདུ་ཤེས། ཁག་ཁུར་གྱི་འདུ་ཤེས་མཐོན་པོ་བཅངས་ནས། གྲོས་ཚོགས་གོ་རིམ་ལྡན་པའི་ངང་བསྡུ་བ་ནས་རྒྱལ་ཁའི་ངང་མཇུག་བསྡུ་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།