རྒྱལ་ཁབ་ཁ་ཤས་ཀྱི་འགོ་ཁྲིད་པས་གློག་འཕྲིན་གཏོང་བ་དང་འཕྲིན་ཡིག་བསྐུར་ཏེ་ཞི་ཅིན་ཕིང་སོགས་སྐབས་གསར་བའི་འགོ་ཁྲིད་པར་རྟེན་འབྲེལ་ཞུས།
2018.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་ཁ་ཤས་ཀྱི་འགོ་ཁྲིད་པས་ཞི་ཅིན་ཕིང་ལ་གློག་འཕྲིན་གཏོང་བ་དང་འཕྲིན་ཡིག་བསྐུར་ཏེ་ཁོ་རང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་རྟེན་འབྲེལ་ཞུས།

རོ་མ་ནི་ཡའི་ཙུང་ཐུང་ཡའོ་ཧན་ཉི་སི་ཡིས་ཞི་ཅིན་ཕིང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་ལྷག་བསམ་རྣམ་དག་སྒོས་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་གོ་གནས་གལ་ཆེན་དེའི་སྟེང་དུ་མུ་མཐུད་ནས་རླབས་ཆེན་གྲུབ་འབྲས་ལེན་པར་སྨོན་འདུན་ཞུས་པར་མ་ཟད། ཞི་ཅིན་ཕིང་དང་ལྷན་དུ་འབད་བརྩོན་བྱས་ཏེ་རོ་མ་ནི་ཡ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།

སི་ཕན་རྒྱལ་ཁབ་ཀྱི་རྒྱལ་བོ་སྐུ་ཕྲེང་དྲུག་པས་ཞི་ཅིན་ཕིང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཁོང་གིས་བླ་མེད་འགན་འཁྲི་དེ་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པའི་སྨོན་འདུན་ཞུས་པར་མ་ཟད། མཛའ་མཐུན་ལྡན་པའི་ཀྲུང་གོ་མི་དམངས་སྔར་ལས་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་འཚོ་བ་སྔར་ལས་སྐྱིད་པོ་ཡོང་བར་སྨོན་འདུན་ཞུ་བའི་ཚུལ་བསྟན།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལེ་ཧྲ་མཱེ་ཡིས་ཞི་ཅིན་ཕིང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་རྟེན་འབྲེལ་ཞུས་པ་དང་ཁྱེད་དང་ཀྲུང་གོ་མི་དམངས་ཀྱིས་མཉམ་དུ་གྲུབ་འབྲས་ཆེན་པོ་གསར་སྐྲུན་བྱེད་པར་སྨོན་འདུན་བཟང་བོ་ཞུ་བའི་ཚུལ་བསྟན། ཁོ་མོས་བཤད་རྒྱུར། དབྱིན་ཇི་དང་ཀྲུང་གོའི་འབྲེལ་བའི་དུས་རབས་བཟང་བོ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དེས་རྒྱལ་ཁབ་གཉིས་ལ་ཁེ་ཕན་ངོ་མ་སྐྲུན་པར་སྐུལ་འདེད་གཏོང་བ་དང་། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ནི་མཉམ་ལས་ཀྱི་གྲོགས་པོ་གཙོ་བོ་ཡིན་པར་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། བདག་གིས་དབྱིན་ཇི་དང་ཀྲུང་གོས་དུས་རབས་ཉེར་གཅིག་པར་ཁ་ཕྱོགས་ཏེ་འཛམ་གླིང་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་རེ་སྒུག་བྱས་ཡོད་ཟེར།

ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་ཡིས་ཞི་ཅིན་ཕིང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཁྱེད་ཀྱིས་གཙོ་འཛིན་བློ་སྟོབས་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་བརྟེན་ནས་ཀྲུང་གོ་རྒྱུན་མཐུད་སྒོས་དར་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་པར་སྨོན་འདུན་བཟང་བོ་ཞུས་པར་མ་ཟད། བདག་གིས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རེ་སྒུག་བྱས་ཡོད་ཟེར།

ཙན་པུ་ཡའི་ཙུང་ཐུང་ལུན་ཀུའུ་ཡིས་བཤད་རྒྱུར། ཞི་ཅིན་ཕིང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པ་དེ་ལས་ཀྲུང་གོ་མི་དམངས་ཀྱིས་ཁྱེད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་ཏུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆོད་སེམས་དང་རེ་འདུན་མཚོན་ཡོད། ཁྱེད་ཀྱི་འགོ་ཁྲིད་འོག་ཏུ་ཀྲུང་གོས་འཆམ་མཐུན་དང་དར་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་ངེས་ཡིན་ཟེར།

མ་ལཱ་ཝེ་ཡི་ཙུང་ཐུང་མུའུ་ཐ་ལིས་ཁ་ཡིས་བཤད་རྒྱུར། ཞི་ཅིན་ཕིང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཞི་ཅིན་ཕིང་ཀྲུའུ་ཞི་ལ་བདམས་པ་དེ་ལས་ཀྲུང་གོ་མི་དམངས་ཀྱིས་ཁྱེད་ཀྱིས་ཏང་དང་རྒྱལ་ཁབ་ལ་འགོ་ཁྲིད་པར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་པ་མཚོན་ཡོད་ཟེར།

རྒྱལ་ཁབ་ཁ་ཤས་ཀྱི་འགོ་ཁྲིད་པས་ཀྱང་གློག་འཕྲིན་གཏོང་བ་དང་ཡང་ན་འཕྲིན་ཡིག་བསྐུར་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་བྱུང་བའི་སྐབས་གསར་པའི་འགོ་ཁྲིད་པ་གཞན་དག་ལ་རྟེན་འབྲེལ་ཞུས།