ཧན་ཀྲིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་བྱ་བའི་ཡར་སྐུལ་ཚོགས་འདུར་ཞུགས།
2018.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

韩正.jpg
ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་བྱ་བའི་ཡར་སྐུལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་བྱ་བའི་ཡར་སྐུལ་ཚོགས་འདུ་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་འབྲེལ་ཡོད་རེ་བ་དངོས་འབེབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་བྱ་བར་སྔར་ལས་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་གསུངས་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། བསམ་བློ་དང་ངོས་འཛིན་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་བྱ་བ་འགོ་བཟང་བོ་ཞིག་ཚུགས་པ་དང་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་པར་རྨང་གཞི་བཟང་བོ་ཞིག་འདིང་དགོས། ད་ནས་བཟུང་བཅོས་སྒྱུར་བྱ་བ་ངོ་བོ་རང་བཞིན་གྱི་ལག་བསྟར་དང་ཡར་སྐུལ་བྱེད་པའི་དུས་རིམ་ཞིག་ཏུ་སླེབས་ཡོད་པས། ལས་འགན་དང་རེ་བ། འགན་འཁྲི། སྲིད་ཇུས་བཅས་གཏན་འཁེལ་གསལ་བོ་བྱས་ནས། བཅོས་སྒྱུར་བྱ་བ་གོ་རིམ་ལྡན་ཞིང་ནན་ཏན་སྒོས་སྒྲུབ་དགོས་ཟེར།

ཧན་ཀྲིན་གྱིས་ཕྱོགས་གཙོ་བོ་དང་དུས་ཚོད་དམ་འཛིན་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་བྱ་བ་བཟང་བོར་སྒྲུབ་དགོས་ལ། ཟླ་བཞི་བའི་ཟླ་དཀྱིལ་དུ། གཅིག་བསྡུས་ཀྱི་གཞུང་སྒྲུབ་ཆ་རྐྱེན་འཛོམས་པར་ཁག་ཐེག་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་མི་སྣ་དང་ཕྱོགས་བསྡུས་ལས་ཁུངས་ཀྱིས་གཅིག་བསྡུས་སྒོས་གཞུང་སྒྲུབ་བྱེད་པའི་བྱ་བ་མངོན་འགྱུར་བྱེད་པའི་རྨང་གཞིའི་སྟེང་། ལས་ཁུངས་གསར་བ་འཛུགས་པའི་བྱ་བ་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།

ཧན་ཀྲིན་གྱིས་ནན་གྱིས་གསུངས་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བཏང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་དང་བྱ་བ་སྣ་ཚོགས་ཕན་ཚུན་བར་སྐུལ་འདེད་གཏོང་བ་མངོན་འགྱུར་བྱེད་དགོས། ལས་ཁུངས་སོ་སོས་སྲིད་གཞུང་བྱ་བའི་སྙན་ཞུ་ལག་བསྟར་བྱེད་པའི་བྱེད་ཐབས་ཞིབ་ཕྲ་མྱུར་དུ་གཏན་འཁེལ་བྱས་ནས། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཞའོ་ཅེ་དང་དབྱང་ཁྲོན་ཐང་། ཧི་ལིས་ཧྥིན་བཅས་གྲོས་ཚོགས་སུ་ཞུགས།