མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་པེ་ཅིང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྐོར་ཐེངས་སྔོན་མ་དག་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས།
2018.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་པེ་ཅིང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྐོར་ཐེངས་སྔོན་མ་དག་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་ཚོགས་འདུར་ཞུགས་ནས་གཏམ་བཤད། པེ་ཅིང་ས་ཁུལ་ནས་ཡོང་བའི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས། པེ་ཅིང་གྲོང་ཁྱེར་བཅས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྐོར་ཐེངས་སྔོན་མ་དག་གི་ལས་བྱེད་པ་དང་རབ་འབྱམས་པའི་ཞབས་ཞུའི་ཚོགས་པའི་ཁོངས་མི། ཡུས་ཧྲུའུ་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་ཁྲོད་ཞུགས་པའི་ལས་བྱེད་པ་དང་ལས་བཟོ་བའི་འཐུས་ཚབ་བཅས་མི་བརྒྱ་དང་ཉི་ཤུ་ལྷག་ཚོགས་འདུར་ཞུགས།

ཝང་ཡུས་ཡན་གྱིས་ལོ་བརྒྱད་རིང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་མཚོ་སྔོན་ལ་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་མུ་མཐུད་དུ་མཚོ་སྔོན་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་པ་དང་། སྔར་བཞིན་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན། ཁོ་མོས་བསྟན་དོན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཇུས་ཆོས་བཀོད་སྒྲིག་གལ་ཆེན་དང་དུ་བླངས་ནས། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བ་དང་མཚོ་སྔོན་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རང་འགན་དུ་བརྩིས་པ་དང་། བློ་སེམས་རྩེ་གཅིག་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཁྲོད་ཞུགས་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཡིད་ཆེས་ཐོབ་ཡོད། ཁོ་མོས་ནན་གྱིས་བསྟན་དོན། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ན་ཤེས་ལྡན་མི་སྣ་མཁོ་ལ། མཚོ་སྔོན་གྱིས་མཚོ་སྔོན་གདམ་བསེས་བྱས་པའི་མི་སྣར་ཡིད་ཆེས་དང་ལས་དོན་བསྩོལ་ངེས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་མཚོ་སྔོན་གྱི་ཐོབ་དཀའ་བའི་རིག་སྟོབས་ཐོན་ཁུངས་དང་གཟུགས་མེད་རྒྱུ་ནོར་གལ་ཆེན་དུ་བརྩིས་ནས། ཆབ་སྲིད་སྟེང་ཡིད་རྟོན་གང་ལེགས་བྱེད་པ་དང་། བྱ་བའི་སྟེང་ནས་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། འཚོ་བའི་སྟེང་ནས་སེམས་ཁུར་ཆེན་པོ་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་གིས་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ལས་སྒྲུབ་ལས་སྐྲུན་བྱེད་པའི་ཐད་སྟེགས་བུ་བསྐྲུན་ནས། ཁོ་ཚོས་མཚོ་སྔོན་ནས་ཕུགས་འདུན་དང་རིན་ཐང་མངོན་འགྱུར་བྱེད་ཐུབ་པར་བྱེད་དགོས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འབྲེལ་འདྲིས་ཞབས་ཞུ་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་མི་གཅིག་གིས་མི་བཅུའི་སྣེ་ཁྲིད་པར་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ་དང་། ལྔ་བཞི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཤུགས་ཆེན་འདོན་སྤྲོད་བྱེད་དགོས་ཟེར།