ཝང་དབྱི་ཡིས་འབར་མའི་ཙུང་ཐུང་གཞོན་པ་ཧིན་ལི་པན་ཐིས་ཡུས་ལ་མཇལ་འཕྲད་གནང་།
2018.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

 ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་མཁན་ཝང་དབྱི་ཡིས་ཡོ་ནན་ཧི་ནེ་ནས་འབར་མའི་ཙུང་ཐུང་གཞོན་པ་ཧིན་ལི་པན་ཐིས་ཡུས་ལ་མཇལ་འཕྲད་གནང་།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་འབར་མའི་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ལྡན་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བར་འགྲོ་འོང་དམ་པོ་སྲུང་འཛིན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། འགོ་ཁྲིད་པའི་བར་གྱི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྤྱི་ཁོག་འོག་ཀྲུང་གོ་དང་འབར་མའི་དཔར་འབྱོར་བར་ཁྱམས་སོགས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་སྲིད་གཞུང་གི་བརྟན་འཇགས་སྲུང་སྐྱོབ་དང་དཔལ་འབྱོར་དར་རྒྱས། དམངས་ཚིས་ལེགས་བཅོས་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། དེའི་ཐད་ལ་མུ་མཐུད་རང་ནུས་ཅི་ཐུབ་ཀྱིས་རོགས་རམ་བྱེད་རྒྱུ་ཡིན།

ཧིན་ལི་པན་ཐིས་ཡུས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་གཉིས་ཀྱི་ཚོགས་ཆེན་རྒྱལ་ཁའི་ངང་བསྡུ་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་སྲིད་གཞུང་གིས་འབར་མ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། འབར་མ་ཕྱོགས་ཀྱིས་འབར་མ་དང་ཀྲུང་གོ་བར་གྱི་བརྩེ་དུང་ཟབ་མོ་རྒྱུན་འཛིན་དང་དར་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཧུར་ཐག་སྒོས་ཞུགས་འདོད་ཡོད། འབར་མ་ཕྱོགས་ཀྱིས་ཀྲུང་གོས་འབར་མ་རྒྱལ་ནང་གི་ཞི་བདེ་འདུམ་སྒྲིག་ལས་དོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་པའི་ཚུལ་བསྟན།