མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཞིབ་བཤེར་ཚན་ཆུང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དུ་བསྡད་དེ་མི་འདེམས་མི་བཀོལ་ཐད་ཀྱི་སྐོར་ཞིབ་ཞིབ་བཤེར་བྱ་བ་སྤེལ།
2018.07.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་མི་འདེམས་མི་བཀོལ་སྐོར་ཞིབ་ཞིབ་བཤེར་ཚན་ཆུང་ལྔ་བ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དུ་བསྡད་དེ། མི་འདེམས་མི་བཀོལ་གྱི་སྐོར་ཞིབ་ཞིབ་བཤེར་བྱ་བའི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བར་ཟུང་འབྲེལ་བྱས་ནས། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དུ་དུས་ཡུན་ཉིན་ལྔ་རིང་གི་མི་འདེམས་མི་བཀོལ་གྱི་སྐོར་ཞིབ་ཞིབ་བཤེར་བྱ་བ་སྤེལ།

ཚོགས་ཐོག་ཏུ། ཞིང་བཤེར་ཚན་ཆུང་གི་ཚན་གཙོས་མི་འདེམས་མི་བཀོལ་གྱི་སྐོར་ཞིབ་ཞིབ་བཤེར་གྱི་རྒྱབ་ལྗོངས་དང་ནང་དོན། བྱེད་ཐབས་གོ་རིམ་དང་བྱ་བའི་རེ་བའི་ཐད་ནས་རིམ་པ་བཞིན་ངོ་སྤྲོད་བྱས། ཚོགས་ཐོག་ནས་བསྟན་དོན། རྩ་འཛུགས་སྡེ་ཁག་གི་སྐོར་ཞིབ་ཞིབ་བཤེར་ནི་སྐོར་ཞིབ་བྱ་བའི་གྲུབ་ཆ་་གལ་ཆེན་ཞིག་ཡིན་པ་དང་། ཐེངས་འདིར་གཙོ་བོར་སྐོར་ཞིབ་བྱེད་ཡུལ་སྡེ་ཁག་གིས་ཏང་སྲིད་འགོ་ཁྲིད་དང་ལས་བྱེད་པ་འདེམ་བསྐོ་ལས་ཁུར་བྱ་བའི་སྲོལ་ཡིག་དང་ལས་བྱེད་པ་འདེམ་བསྐོ་ལས་ཁུར་བྱ་བའི་ལྟ་སྐུལ་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། མིག་སྔའི་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་ལག་བསྟར་ནན་མོ་མི་བྱེད་པ་དང་བྱ་བ་བཟང་བོར་མི་བསྒྲུབ་པ་སོགས་ཕྱོགས་ཀྱི་གནད་དོན་བཙལ་ནས། སྐོར་ཞིབ་བྱེད་ཡུལ་སྡེ་ཁག་གི་མི་འདེམས་མི་བཀོལ་བྱ་བ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། ལས་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།