རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཐུན་མོང་སློབ་སྦྱོང་བྱས།
2018.07.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 57

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚེས་བཅུ་དྲུག་ཉིན་ཐུན་མོང་སློབ་སྦྱོང་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི་ཞེས་པ་བརྗོད་གཞིར་བཟུང་སྟེ། ལོ་རྒྱུས་ཀྱི་འགན་འཁྲི་འགན་ཁུར་དང་ང་ཚོའི་ལོ་རྒྱུས་ཀྱི་ཁག་ཁུར་ཞེས་པར་དམིགས་ནས་ཆེད་དམིགས་གྲོས་སྡུར་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ལིས་ཀྲན་ཧུའུ་ཡིས་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཚོགས་ཐོག་ནས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲིའི་སྐོར་གྱི་རྒྱས་བཤད་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་གལ་ཆེན་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས། ཕྱིར་བཤོལ་སྤུ་ཙམ་ཡང་མི་བྱེད་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་པ་དང་། ཡུན་རིང་པོར་དཀའ་སྤྱད་འབད་འཐབ་དང་ཡང་འབད་བསྐྱར་འབད་བྱས་ནས། དུས་རབས་མི་འདྲ་བ་སོ་སོར་དུས་རབས་དེར་དབང་བའི་འོད་སྟོང་འབར་བའི་ལོ་རྒྱུས་བརྩམས་ཡོད། ཀྲུང་གོ་གུང་ཁྲན་ཏང་མིའི་འབད་འཐབ་ཀྱི་ལོ་རྒྱུས་ནི་ཐོག་མའི་སེམས་འདུན་ལག་ལེན་དང་འགན་འཁྲི་མངོན་འགྱུར་གྱི་ལོ་རྒྱུས་ཡིན།

རླབས་ཆེན་ལག་ལེན་འདིའི་ཁྲོད་དུ། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བྱ་བ་སྣ་ཚོགས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པའི་སྟེང་དུ་དམ་པོར་སྦྲེལ་བ་དང་། མི་དམངས་མང་ཚོགས་ཀྱི་སེམས་ཁུར་གལ་ཆེན་སྟེང་དུ་དམ་པོར་སྦྲེལ་བ། ཁྲིམས་སྐྱོང་ལག་བསྟར་གང་ཐུབ་དང་རྒྱལ་ཁབ་ཕྱོགས་ཡོངས་ནས་ཁྲིམས་ལྟར་སྐྱོང་བའི་སྟེང་དུ་དམ་པོར་སྦྲེལ་ཏེ། ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་ཡོངས་འགྲུབ་བྱེད་པར་འཇོག་འོས་པའི་བྱས་རྗེས་འཇོག་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་འགན་འཁྲི་དང་འགན་ཁུར་ཡོངས་འགྲུབ་བྱེད་པར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ངེས་པར་དུ་ལོ་རྒྱུས་ཀྱི་ཁག་ཁུར་ཡོད་དགོས། གཅིག་ནི་ཏང་གི་འགོ་ཁྲིད་ཅེས་པའི་ཆབ་སྲིད་རྩ་དོན་འདི་ལག་བསྟར་བཟང་པོ་བྱས་ནས། ཏང་གི་འགོ་ཁྲིད་དེ་དམངས་ཆེན་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་ནས་མངོན་མཚོན་དང་དངོས་འབེབས་བྱེད་དགོས། གཉིས་ནི་བཅོས་སྒྱུར་སྒོ་འབྱེད་ལ་ཞབས་ཕྱི་དང་རྒྱབ་སྐྱོར། འགན་སྲུང་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཅན་འཛུགས་སྐྲུན་བྱེད་པའི་དུས་རིམ་གསུམ་པའི་ལས་འགན་མངོན་འགྱུར་བྱེད་པ་དེ་རྩ་བའི་རྐང་འཛུགས་སར་བརྩིས་ཏེ་འགན་ནུས་དངོས་སུ་འདོན་སྤེལ་བྱེད་དགོས། གསུམ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་དེ་སྤྱིའི་དམིགས་འབེན་དུ་བཟུང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་འབད་བརྩོན་བྱེད་དགོས། བཞི་ནི་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་བྱས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚན་ཁག་འཛུགས་སྐྲུན་བཟང་པོ་བྱེད་པ་དང་། ལས་བྱེད་དཔུང་སྡེ་འཛུགས་སྐྲུན་བཟང་པོ་བྱེད་དགོས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། རང་རྟོགས་ཀྱིས་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཇུག་མཐའི་ཇུས་ཐག་གཅོད་པ་དང་ཆེས་མཐོའི་འགོ་ཁྲིད་པས་མཇུག་མཐའི་ཇུས་ཐག་གཅོད་པའི་དབང་ཟིལ་ལ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།