མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་གིས་ཟི་ལིང་ནས་ཀྲུང་གོ་དངུལ་གཏོང་ཀུང་ཟིའི་མགོ་ཁྲིད་དང་བཞུགས་མོལ་བྱས།
2018.08.18 ཁུངས། མཚོ་སྔོ་་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཚབ་མ་ལིག་ཉིང་གིས་ཟི་ལིང་ནས་ཀྲུང་དབྱང་གི་གནས་གཏན་ཁེལ་གྱིས་རོགས་སྐྱོར་བྱེད་པའི་སྡེ་ཁག་སྟེ་ཀྲུང་གོ་དངུལ་གཏོང་ཚད་ཡོད་འགན་ལེན་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  སྤྱི་གཉེར་བ་ཐུའུ་ཀོང་ཧྲའོ་དང་བཅས་པའི་ཀྲུང་ཙེ་སྡེ་ཚོགས་ཀྱི་མགོ་ཁྲིད་དང་བཞུགས་མོལ་བྱེད་སྐབས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་བཏོན་པའི་དབུལ་ཐར་མཁྲེགས་གཏོར་བྱ་བའི་མཛུབ་སྟོན་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཐུན་སྦྱོར་བྱས་ཏེ་གནས་གཏན་ཁེལ་གྱིས་རོགས་སྐྱོར་བྱེད་པའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བཟང་བོ་བྱེད་དགོས་པ་དང་།   ཐོན་ལས་འཕེལ་རྒྱས་དང་ཁྲོམ་ར་སྦྲེལ་མཐུད།  ལས་ཞུགས་བཀོད་སྒྲིག་སོགས་བྱེད་ཐབས་བརྒྱུད་དེ་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱེད་པར་རོགས་འདེགས་བྱས་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་དབུལ་ཕོངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་དང་ཐོབ་ཚོར་ཇེ་དྲག་ཏུ་གཏོང་དགོས་ཟེར།

ལིག་ཉིང་གིས་བཤད་རྒྱུར།   ཉེ་བའི་ལོ་འགའི་རིང་ལ།   ཀྲུང་གོ་དངུལ་གཏོང་ཀུང་ཟིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་སེམས་ཁུར་དང་།  ལྷག་པར་དུ་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་ལ་གནས་གཏན་ཁེལ་གྱིས་རོགས་སྐྱོར་བྱེད་སྐབས།  རྒྱབ་སྐྱོར་ཤུགས་ཚད་ཆེ་བ་དང་འཛུགས་སྐྲུན་ལས་གཞི་མང་ལ།   གྲུབ་འབྲས་གཡུར་དུ་ཟ་བས་ཀྲུང་གོ་དངུལ་གཏོང་ཀུང་ཟིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་ཆབ་སྲིད་རང་རྟོགས་དང་ཆབ་སྲིད་འགན་འཁྲི་མཐོན་པོ་མཚོན་པར་བྱས་པ་དང་།   ཀྲུང་གོ་དངུལ་གཏོང་ཀུང་ཟིས་མཚོ་སྔོན་གྱི་འཕེལ་རྒྱས་དང་མང་ཚོགས་ལ་སེམས་ཁུར་བྱེད་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད་ལ།  དབུལ་ཕོངས་མང་ཚོགས་རྣམས་ལ་མེས་རྒྱལ་ཁྱིམ་གཞི་ཆེན་པོའི་དྲོད་ཁོལ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཕུལ་བྱུང་དགེ་མཚན་ཚོར་དུ་བཅུག

ལིག་ཉིང་གིས་བཤད་རྒྱུར།  མཚོ་སྔོན་དུ་ནུབ་ཕྱོགས་ས་ཁུལ་དང་མི་རིགས་ས་ཁུལ།  མཐོ་སྒང་ས་ཁུལ།  དབུལ་ཕོངས་ས་ཁུལ་བཅས་གཅིག་ཏུ་འདུས་ཡོད་པས་ཞིང་ཆེན་གྱི་གནས་ཚུལ་དང་ལས་འགན་དམིགས་བསལ་བ་ཞིག་ཡིན།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ཇུས་ཆོད་བཏོན་ཏེ་དབུལ་ཐར་མཁྲེགས་གཏོར་བྱ་བར་བཀོད་སྒྲིག་གསར་བ་བྱས་པ་དང་།  བླང་བྱ་གསར་བ་བཏོན་ལ།  གཏན་ཁེལ་དམིགས་འབེན་མངོན་འགྱུར་བྱེད་པར་ཀྲུང་དབྱང་གནས་གཏན་འཁེལ་གྱིས་རོགས་སྐྱོར་སྡེ་ཁག་གི་རྒྱལ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་རྣམ་པར་རྒྱལ་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞིའི་བླང་བྱ་ལྟར།  འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་དངོས་ཡོད་ཕན་ནུས་དམ་འཛིན་བྱེད་པ།  ཀྲུང་གོ་དངུལ་གཏོང་ཀུང་ཟིའི་རོགས་འཛུགས་གྲོས་མཐུན་དོན་འཁྱོལ་བཟང་བོ་བྱེད་པ་དང་རོགས་འཛུགས་ལས་གཞིར་སྐུལ་འདེད་གཏོང་བ། རོགས་འཛུགས་མ་དངུལ་དོ་དམ་བཟང་བོ་བཅས་བྱས་ཏེ་གནས་གཏན་ཁེལ་གྱིས་རོགས་སྐྱོར་བྱེད་པའི་བྱ་བར་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་བཏང་སྟེ་དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་ཟེར།