ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་དང་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད་ལ་གྲོས་ཞིབ་བྱས།
2018.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་དང་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད་ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲི་པུའུ་ནི་ཏང་གི་རྨང་གཞིའི་རྩ་འཛུགས་ཡིན་པ་དང་ཏང་གི་རྩ་འཛུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཀྲི་པུའུ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ཏང་ཀྲི་པུའུ་སོ་སོ་དང་ཏང་ཡོན་སོ་སོས་དངོས་འབེབས་བཟང་བོ་བྱེད་པ་དང་། ཏང་ཡོངས་སུ་གཞི་རིམ་དམ་འཛིན་བྱེད་པ་དང་ཏང་ཀྲི་པུའུ་དམ་འཛིན་པའི་རྣམ་པ་བཟང་བོ་ཆགས་པར་སྐུལ་འདེད་བཏང་ནས་གྲུབ་འབྲས་མངོན་གསལ་ལེན་དགོས་པའི་རེ་བ་བཏོན་ཟེར།

ཚོགས་ཐོག་ནས་རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་སྲོལ་ཡིག་ལག་བསྟར་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། སྲོལ་ཡིག་གི་དྲིལ་སྒྲོག་འགྲེལ་ཀློག་དང་སློབ་སྦྱོང་གསོ་སྦྱོང་བྱ་བ་དམ་འཛིན་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་སྲོལ་ཡིག་གི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་སྲོལ་ཡིག་གི་ནང་དོན་ཁྱོན་ཡོངས་ནས་གསལ་བོར་ཤེས་པར་བྱེད་དགོས་ལ། སྲོལ་ཡིག་ལག་བསྟར་བྱེད་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་བྱ་བར་གཙིགས་འཛིན་བྱས་ཏེ། ཏང་ཀྲི་པུའུ་བྱ་བ་དམ་འཛིན་བྱེད་པ་དང་ཏང་ཀྲི་པུའུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནུས་པ་ཇེ་ཆེར་གཏོང་དགོས། ལྟ་རྟོག་དང་དངོས་འབེབས་བྱ་བར་གཙིགས་འཛིན་བྱས་ཏེ་སྲོལ་ཡིག་ནང་གི་གཏན་འཁེལ་དང་རེ་བ་སྣ་ཚོགས་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་རྒྱུ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།