མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་དང་འབྲེལ་བའི་ཞིང་ཕྱུགས་ལས་དང་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་སྐུལ་སྤེལ་ཚོགས་འདུ་ཧུའུ་ཀྲུའུ་རྫོང་ནས་བསྡུས།
2018.09.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནས་སྐོར་དང་འབྲེལ་བའི་ཞིང་ཕྱུགས་ལས་དང་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་སྐུལ་སྤེལ་ཚོགས་འདུ་ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་བསྡུས།            ཚོགས་ཐོག་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་ཡོངས་ཀྱི་གནས་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་རིག་ལམ་གསར་བར་བརྟེན་ནས་ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་གནས་སྐོར་དང་འབྲེལ་བའི་ཞིང་ཕྱུགས་ལས་དང་ཞིང་སྡེའི་གནས་སྐོར་རྒྱུ་སྤུས་མཐོན་པོའི་འཕེལ་རྒྱས་སུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་དར་སྤེལ་འཐབ་ཇུས་ཐད་གསོན་ཤུགས་གསར་བ་སྣོན་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་དང་འབྲེལ་བའི་ཞིང་ཕྱུགས་ལས་དང་ཞིང་སྡེའི་གནས་སྐོར་དེ་བསམ་འཆར་ཕྱིར་འདོན་པ་ནས་འགོ་རྩོམ་པ་བརྒྱུད་དེ། མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་སུ་སླེབས་པ་དང་། གནས་སྐོར་དང་འབྲེལ་བའི་ཞིང་ཕྱུགས་ལས་དང་ཞིང་སྡེའི་གནས་སྐོར་དེ་ཞིང་བའི་ཞོར་ལས་ནས་ཞིང་སྡེ་འབྲོག་ཁུལ་གྱི་ལས་གསར་དར་ལས་རིགས་དང་། མི་ཡོངས་ཀྱི་གནས་སྐབས་ཀྱི་བཀོད་སྒྲིག་ནས་རྒྱུན་ལྡན་རང་བཞིན་གྱི་འཚོ་བ་རོལ་སྟངས། ཞིང་ཕྱུགས་སྡེ་ཁག་གི་སྤྱིར་བཏང་རང་བཞིན་གྱི་བྱ་བ་ནས་བྱ་བ་བཅས་སུ་གཙོ་བོར་གྱུར། དེར་མཐོང་ཆེན་བྱེད་ཚད་སྔ་ན་མེད་པ་དང་། ཚོང་རའི་དགོས་མཁོ་ཉིན་རེ་བཞིན་ཇེ་ཆེར་གྱུར་ལ། ལས་རིགས་ཀྱི་སྦས་ཤུགས་ཁྱོན་ཡོངས་ནས་མངོན་ཡོང་། ཡིན་ན་ཡང་གསལ་བོར་ཤེས་དགོས་པ་ཞིག་ནི། བག་ཕེབས་ཞིང་ཕྱུགས་ལས་དང་ཞིང་སྡེའི་གནས་སྐོར་དེ་ལས་རྣམ་གསར་བ་དང་འཛད་སྤྱོད་ལས་རྣམ་ཡིན་པའི་ཆ་ནས། ད་དུང་བསམ་བློ་རྙིང་ཞེན་ཡིན་པ་དང་རྨང་གཞི་ཞན་པ། དོ་དམ་རྗེས་ལུས་ཡིན་པ། ཞབས་ཞུའི་རྒྱུ་སྤུས་མི་བཟང་བ་སོགས་ཀྱི་གནད་དོན་གནས་ཟེར།

ཚོགས་ཐོག་ནས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། རིགས་སྣ་ཇེ་མང་དུ་གཏོང་བ་དང་མཉམ་བསྲེས་བསྡུ་རུབ་བྱེད་པ། གནས་སྐོར་དང་ཞིང་ཕྱུགས་ལས་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བ། གཙོ་བོར་གྲོང་གསེབ་དང་གནས་སྐོར་ལྗོངས་རྒྱུ་ཁུལ་གྱི་མཐའ་སྐོར་སྡེ་བ་དང་གྲོང་རྡལ། གྲངས་ཉུང་མི་རིགས་ས་ཁུལ་དང་སྲོལ་རྒྱུན་ཁྱད་ལྡན་རོང་ཁུལ་ནས་གནས་སྐོར་དང་འབྲེལ་བའི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ། གནས་སྐོར་དང་འབྲེལ་བའི་ཞིང་ཕྱུགས་ལས་གཙོར་བྱས་པའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པའི་གཅིག་བསྡུས་སྡེ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་བཏང་སྟེ། གནས་སྐོར་དང་འབྲེལ་བའི་ཞིང་ཕྱུགས་ལས་ཀྱི་གུང་གསེང་གཏོང་ཡུལ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན།