ཝང་དབྱང་གིས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་བར་མ་ཟད་དབུལ་ཐར་མཁྲེགས་གཏོར་འགྲེམ་སྟོན་ལ་གཟིགས།
2018.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་བར་མ་ཟད། 2020ལོའི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགྲེམ་སྟོན་ལ་བལྟས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་བར་མ་ཟད། 2020ལོའི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགྲེམ་སྟོན་ལ་བལྟས།

ཝང་དབྱང་གིས་ཐོག་མར་བྱ་དགའ་ཐོབ་པའི་ཐུན་མོང་དང་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་། དབུལ་ཐར་མཁྲེགས་གཏོར་ལས་གནས་སུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་དད་གུས་ཞུས་ལ། སྤྱི་ཚོགས་ལས་རིགས་སོ་སོས་བྱ་དགའ་ཐོབ་མཁན་ཚོའི་སྔོན་ཐོན་ལག་རྗེས་དང་བླ་མེད་སྙིང་སྟོབས་དར་སྤེལ་གཏོང་བ་དང་སློབ་སྦྱོང་བྱེད་རྒྱུའི་འབོད་སྐུལ་བཏང་། ཁོང་གིས་འབྲེལ་ཡོད་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། དམིགས་འབེན་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ། དམ་འཛིན་དངོས་གཉེར་དང་དཀའ་སྤྱད་འབད་འཐབ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས། དབུལ་ནག་གི་གནས་ལས་ཐར་བའི་ལོ་རྒྱུས་རང་བཞིན་གྱི་ལས་འགན་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་གོང་གི་བྱ་འགུལ་ལ་ཞུགས།