སྤེལ་དུས།2018.11.08 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཐེ་གོའི་ཙུང་ལི་གཞོན་པ་སུང་ཆི་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་དྲུག་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཐེ་གོའི་ཙུང་ལི་གཞོན་པ་སུང་ཆི་ལ་མཇལ་འཕྲད་གནང་། 

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་ཐོག་དང་པོའི་མགོ་རྩོམ་མཛད་སྒོའི་གཏམ་བཤད་ཁྲོད་དུ་གསར་བསྐྲུན་བཟོད་སྒོམ་དང་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་མཉམ་བསྐྲུན་བྱེད་དགོས་ཞེས་བསྟན་པར་མ་ཟད། ཀྲུང་གོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་སྐྱེད་པའི་བྱེད་ཐབས་གསར་བ་ཁྱབ་བསྒྲགས་བྱས་ཏེ། ཀྲུང་གོས་འཛམ་གླིང་ཡོངས་ལ་སྒོ་འབྱེད་པའི་འགྱུར་མེད་ཆོད་སེམས་མཚོན་པར་བྱས། ཀྲུང་གོ་དང་ཐེ་གོ་གཉིས་ཀྱིས་སྒོ་འབྱེད་རང་བཞིན་ལ་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་བ་དང་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། དཔལ་འབྱོར་ཉོ་འཚོང་མཉམ་ལས་ལ་ཤུགས་སྣོན་པ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་ནས་ཕན་འབྲས་སྔར་ལས་མང་པོ་ལོན་པརརེ་བ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ཉོ་འཚོང་སྒྲིག་གཞི་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་གི་དཔལ་འབྱོར་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

 སུང་ཆི་ཡིས་བསྟན་དོན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་ཐོག་དང་པོ་རྒྱལ་ཁའི་ངང་བསྡུས་པར་ཐེ་གོ་ཕྱོགས་ཀྱིས་རྟེན་འབྲེལ་ཞུ་བཞིན་ཡོད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་རང་དབང་ཉོ་ཚོང་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་ཐེ་གོའི་ཤར་ཕྱོགས་དཔལ་འབྱོར་བར་ཁྱམས་ཀྱི་འཛུགས་སྐྲུན་ཁྲོད་ཞུགས་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།