སྤེལ་དུས།2018.11.08 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གདན་དྲངས་པ་ལྟར་སིང་ཀ་ཕོར་ནས་བསྡུས་པའི་ཉིས་སྟོང་བཅོ་བརྒྱད་ལོའི་གསར་སྐྲུན་དཔལ་འབྱོར་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་རླབས་རྒྱུན་དང་བསྟུན་ཞིང་བཅོས་སྒྱུར་གསར་སྐྲུན་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་ཞེས་པའི་ཤིས་ཚིག་ཕུལ།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོས་རང་ཉིད་ཀྱི་དོན་དག་བཟང་བོར་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་ལག་བསྟར་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱེད་ངེས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོ་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་ཁ་ཡིག་ལ་བཟོད་སྒོམ་བྱེད་པའི་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་དང་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

སིང་ཀ་ཕོར་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཝང་ཆི་ཧྲན་གྱིས་ཚེས་ལྔ་ནས་ཚེས་བདུན་ཉིན་བར་སིང་ཀ་ཕོང་ལ་འཚམས་འདྲི་མཛད་པར་མ་ཟད་ཙུང་ཐུང་ཧ་ལིས་མ་དང་ཙུང་ལི་ལིས་ཞན་ལུང་གཉིས་ལ་མཇལ་འཕྲད་གནང་།

ཧ་ལིས་མ་ལ་མཇལ་འཕྲད་གནང་སྐབས་ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་ཏང་དང་སྲིད་གཞུང་གིས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་ནི་ལས་འགན་དང་པོ་ཡིན་པ་དང་། མི་དམངས་མང་ཚོགས་ལ་དེའི་ཁྲོད་དུ་ཁེ་ཕན་ངོ་མ་ཐོབ་ཏུ་འཇུག་པ་ནི་ང་ཚོའི་འགན་འཁྲི་ཡིན་ཞིང་ང་ཚོས་ཁག་ཁུར་ཡང་ཡིན་པས་ཅིས་ཀྱང་སྒྲུབ་སྲིད་པ་ཡིན། ཀྲུང་གོས་སྒོ་འབྱེད་ཀྱི་སྒོ་མོ་སྔར་ལས་ཡངས་བར་ཕྱེས་ངེས་ཡིན་ཟེར།

ལིས་ཞན་ལུང་ལ་མཇལ་འཕྲད་གནང་སྐབས་ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོ་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་བ་དེ་ལས་ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་གསར་སྐྲུན་བྱེད་པའི་རྣམ་པ་བཟང་བོ་གསལ་བོར་མཚོན་ཡོད་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།