ཝང་ཅན་ཅུན་དང་ལིག་ཉིང་གིས་མཚོ་ཤར་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་བྱས།
2018.11.09 ཁུངས། ཀློག་གྲངས། 25

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་མཚོ་ཤར་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། གསར་གཏོད་དང་སྒོ་འབྱེད་ལ་གཙིགས་འཛིན་བྱེད་པ། མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ལ་འབད་མཐར། མཁར་གྲོང་གི་གཅིག་གྱུར་འཆར་འགོད་དང་རྣམ་པ་གསར་བའི་བཟོ་ལས་ཅན། མཁར་གྲོང་ཅན་དང་ཞིང་ལས་དེང་རབས་ཅན་གྱི་མཚོ་ཤར་གསར་བ་འབད་པས་བསྐྲུན་དགོས་ཟེར།

ཝང་ཅན་ཅུན་དང་ལིག་ཉིང་གིས་མཚོ་ཤར་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་དུ། མཚོ་ཤར་གྲོང་ཁྱེར་གྱི་བྱ་བར་ཁས་ལེན་ཡང་དག་བྱས། ཝང་ཅན་ཅུན་གྱིས་བསྟན་དོན། མཚོ་ཤར་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱིའི་ལས་དོན་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པས། མཚོ་ཤར་གྲོང་ཁྱེར་གྱིས་མུ་མཐུད་དུ་ཁྲོམ་རའི་གསོན་ཤུགས་བསྐྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། མཁྲེགས་གཏོར་ཆེན་པོ་གསུམ་ལ་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས། གྲོང་ཁྱེར་དང་རྫོང་གི་སྒྲིག་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས། དེང་རབས་ཐོན་ལས་གསོ་སྐྱོང་བྱེད་དགོས། མི་གཞི་རྩ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། དུས་རབས་གསར་བའི་ཏང་འཛུགས་ལ་ཤུགས་སྣོན་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། མཚོ་ཤར་གྲོང་ཁྱེར་བསྐྲུན་པ་ནས་བཟུང་། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ནན་ཏན་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་རིམ་ཁག་སོ་སོའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་ནས། རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་ཟམ་མ་ཆད་པའི་སྒོ་ནས་ཇེ་དྲག་ཏུ་ཕྱིན་ཡོད་པ་དང་། དམངས་ཚིས་འགན་སྲུང་གི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་། དེ་མིན་ད་དུང་ལས་གཉེར་གསར་གཏོད་ཀྱི་མཁའ་དབུགས་སྔར་ལས་ཇེ་ལེགས་སུ་སོང་ཡོད་པ་དང་། འཕེལ་རྒྱས་དང་གསར་གཏོད། མདུན་སྐྱོད་བཅས་ཀྱི་མཚོ་ཤར་གསར་བ་འབད་པས་བསྐྲུན་ཡོད། མཚོ་ཤར་གྲོང་ཁྱེར་གྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དཀྱིལ་སྙིང་དུ་བཟུང་ནས། མཚོ་སྔོན་གྱི་ཤར་སྒོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྒོ་འབྱེད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་དགེ་མཚན་རྩལ་དུ་བཏོན་ནས། ཤུགས་ཆེན་པོས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་དང་། ཞང་དང་སྡེ་བའི་བསྐྱར་དར་འཐབ་ཇུས་ལག་བསྟར་བྱེད་པ། ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བར་འབད་འབུངས་ཧུར་བསྐྱེད་བྱས་མཐར། ལན་ཀྲིག་ནས་ཟི་ལིང་བར་གྱི་གྲོང་ཁྱེར་ཚོགས་པ་མངོན་འགྱུར་ཡོང་བར་བྱེད་དགོས་ཟེར།

ཝང་ཡུས་པོ་དང་ཡུས་ཚུང་ལི། ཉེའོ་ཁྲིན་ཡུན་བཅས་རྟོག་ཞིབ་བྱ་འགུལ་ལ་ཞུགས།