ལིས་ཁི་ཆང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།
2018.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ས་དེའི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སིང་ཀ་ཕོར་ནས་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨེན་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སིང་ཀ་ཕོར་ནས་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨེན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ཐད་ནས་དུས་ཡུན་རིང་བོར་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་འབྲེལ་བ་དང་མཉམ་ལས་ཀྱི་མདུན་གྲས་སུ་སྐྱོད་བཞིན་ཡོད།  ཀྲུང་གོ་དང་ནེའུ་ཙི་ལན་གྱི་རང་དབང་ཉོ་ཚོང་ཆོད་ཡིག་ནི་ཀྲུང་གོ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་བཀོད་པའི་རང་དབང་ཉོ་ཚོང་ཆོད་ཡིག་ཐོག་མ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་དང་མཉམ་དུ་མུ་མཐུད་དུ་འབད་འཐབ་དངོས་གཉེར་གྱི་རྣམ་པར་དམིགས་ནས། ཆོད་ཡིག་གི་རིམ་སྤོར་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་སྔར་ལས་རྒྱ་སྐྱེན་འདོད་ཡོད། ང་ཚོས་ཀྲུང་གོའི་ཁེ་ལས་ནེའུ་ཙི་ལན་དུ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ནེའུ་ཙི་ལན་ཕྱོགས་ཀྱིས་འདྲ་མཉམ་དང་ཡོངས་གསལ་གྱི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་པར་རེ་བ་བཅངས་ཡོད། ནེའུ་ཙི་ལན་གྱི་ཁེ་ལས་ཀྱིས་ཀྲུང་གོར་དངུལ་གཏོང་བའི་ཚད་རྒྱ་སྐྱེད་པ་དང་། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་ནན་མོ་བྱེད་པའི་རྨང་གཞིའི་སྟེང་ལག་རྩལ་གྱི་མཉམ་ལས་ཤུགས་སྣོན་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།

ཞའོ་ཅེ་གོང་གི་བྱ་འགུལ་ལ་ཞུགས།