ལིས་ཁི་ཆང་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་གཉིས་ཀྱིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི2018ལོའི་ཙུང་ལིའི་གྲོས་མོལ་ཐེངས་དྲུག་པ་སྤེལ།
2018.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ས་དེའི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སིང་ཀ་ཕོར་ནས་ཨེ་ཤ་ཡ་ཤར་རྒྱུད་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་མུ་འབྲེལ་གྲོས་ཚོགས་ལ་ཞུགས་པའི་སྐབས་སུ། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་དང་མའོ་ལིས་སུན་བར་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི2018ལོའི་ཙུང་ལིའི་གྲོས་མོལ་རེས་ཐེངས་དྲུག་པ་སྤེལ།

 ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ནི་ཕན་ཚུན་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པ་དང་། རེས་ཐེངས་འདི་ནི་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གསར་བ་བཙུགས་པའི་ཚུན་གྱི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི2018ལོའི་གྲོས་མོལ་ཐོག་མ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་བར་ཆད་བྱུང་རྗེས་ཀྱི་དཀྱོགས་མཚམས་སྟེང་སྤེལ་བའི་གྲོས་མོལ་ཐེངས་ཤིག་ཀྱང་ཡིན། ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དེ་འགལ་རྩོད་ཆེ་ལ། མཉམ་ལས་ནི་ཡང་དག་པའི་གདམ་བསེས་ཡིན་པས། ང་ཚོས་ཨོ་སི་ཁྲུ་ལི་ཡའི་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། གྲོས་མོལ་བཟང་བོ་བྱེད་པ། འགལ་རྩོད་ལ་ཐག་གཅོད་འོས་འཚམ་བྱས་ཏེ།  མཉམ་ལས་མཉམ་རྒྱལ་གྱི་མིག་རྒྱང་ཕྱོགས་གཉིས་ཀྱི་འབྲེལ་བར་བལྟ་བ་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ལ། དེ་ལྟར་བྱས་ན་ཕྱོགས་གཉིས་ལ་ཕན་པ་ཡོད་པར་མ་ཟད། འཛམ་གླིང་ལ་ཡང་ཕན་འདོགས་ཐུབ་ཟེར། 

ལིས་ཁི་ཆང་གིས་གསུང་རྒྱུར། ཀྲུང་གོས་རྒྱུན་མཐུད་ངང་ཚོང་རར་འཇུག་ཆོག་པའི་ཚད་གཞི་གློད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་ཡོད་ཚད་ལ་ལྟ་སྟངས་གཅིག་འདྲ་འཛིན་པའི་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱིའི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་ཡིན་ལ། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཨོ་སི་ཁྲུ་ལི་ཡ་རུ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པའི་ཐད་མཐོང་ཆུང་མི་བྱེད་པ་དང་འདྲ་མཉམ་ཡིན་པའི་ཁོར་ཡུག་འདོན་སྤྲོད་བྱས་ཏེ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་དངུལ་གཏོང་པའི་ཐད་གཏན་འཇགས་ཀྱི་སྔོན་དཔག་འདོན་སྤྲོད་བྱེད་དགོས་ཟེར།